སྐབས་གཉིས་པའི་མཚོ་ལྷོ་ཁུལ་ཕུལ་བྱུང་ན་གཞོན་བཅུའི་གཟེངས་བསྟོད་ཚོགས་འདུ་བསྡུས་པ།
དགའ་རྟགས་ལེན་བཞིན་པ།
ཟླ11པའི་ཚེས24ཉིན་གྱི་ཕྱི་དྲོ། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ། གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་། མཚོ་ལྷོ་ཁུལ་ན་གཞོན་མཉམ་འབྲེལ་ཚོགས་པ། མཚོ་ལྷོ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཅུ། མཚོ་ལྷོའི་ཚགས་པར་ཁང་བཅས་མཉམ་འབྲེལ་སྒོས་སྤེལ་པའི་སྐབས་གཉིས་པའི་མཚོ་ལྷོ་ཁུལ་ན་གཞོན་ཕུལ་བྱུང་ཅན་བཅུའི་གཟེངས་བསྟོད་ཚོགས་འདུ་དེ་མཚོ་ལྷོ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་། འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་གཟེངས་བསྟོད་ཚོགས་འདུ་ལ་ཞུགས་ཏེ་གཏམ་བཤད་གནང་བ་རེད།
དགའ་རྟགས་ལེན་བཞིན་པ།
སྐབས་གཉིས་པའི་མཚོ་ལྷོ་ཁུལ་ཕུལ་བྱུང་ན་གཞོན་བཅུ་ནི་སྔོན་མཚོ་ལྷོ་ཁུལ་སྤྱི་བདེ་མེ་འགོག་རུ་ཁག་འབའ་རྫོང་རུ་ཆེན་གྱི་འགོ་གཙོ་ཚེ་རིང་དང་། འབའ་རྫོང་ཤ་སྦྲང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་རྒྱལ། མང་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འགོ་གཙོ་རིན་ཆེན་འབུམ། ཁྲི་ཀ་རྫོང་ཀབ་རོན་ཡུལ་ཚོ་སྦྲུལ་ལྕེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་རྒྱལ། མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་དོ་དམ་གཞུང་སྒྲུབ་ཁང་གི་འགོ་གཙོ་དོན་འགྲུབ་རྒྱལ། མཚོ་སྔོན་ཧྭ་དབྱི་ས་ཁང་བདག་ཁོངས་སྔོག་འདོན་ཚད་ཡོད་འགན་འཁྲི་ཀུན་ཟིའི་སྤྱི་གཉེར་དཔལ་དཀར་རྒྱལ། བྲག་དཀར་རྫོང་རྩི་ཀོར་ཐང་གྲོང་རྡལ་མཁར་ལྷོ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤུའུ་ཝིན་ཧེ། གསེར་ཆེན་རྫོང་རྒྱལ་ཁབ་ཁྲལ་དོན་ཅུའུ་ཡི་འགོ་གཙོ་གཞོན་པ་ཀྲུའུ་ཅིན་ཧྥང་། བྲག་དཀར་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གཡང་ཕྱུག་ཚེ་རིང་། མང་རྫོང་ནད་ཡམས་སྔོན་འགོག་ལྟེ་གནས་སྔོག་བཤེར་ཁོའོ་ཡི་འགོ་གཙོ་ཞེའེ་ཙོང་ཧེ་བཅས་ཡིན་པ་རེད།
སྐབས་གཉིས་པའི་མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་ན་གཞོན་བཅུ་ལ་གཟེངས་རྟགས་ཀྱི་བྱ་དགའ་ཐོབ་པ།
ཐེངས་འདིའི་ཕུལ་བྱུང་ན་གཞོན་བཅུའི་ཁྲོད་གཞི་རིམ་གྲོང་སྡེའི་སྡེ་དཔོན་དང་། དཀའ་ཁག་ཆེ་བའི་ས་ཁུལ་ཕྱུག་འགྱུར་ལ་འབད་པར་སྣེ་ཁྲིད་མཁན། མི་དམངས་ཁྲིམས་དཔོན། གསོ་བཅོས་སྨན་པ། གཞུང་ཞབས་པ། ན་གཞོན་དགེ་རྒན། མེ་འགོག་མི་སྣ། ཁྲལ་དཔོན། དེ་མིན་ཁེ་ལས་པ་སོགས་ཡོད་ཅིང་། ཁོང་ཚོས་མཚོ་ལྷོའི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་ལས་རིགས་སོ་སོའི་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ལ། མི་རྣམས་ཀྱིས་ཁོང་ཚོ་དཔེ་སྟོན་བྱེད་ཡུལ་དུ་བཟུང་འོས་པ་ཞིག་ཡིན།
འདིས་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལག་ལེན་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་དང་མཛད་རྗེས་ཆེན་པོ་བཞག་པའི་ཕུལ་བྱུང་ན་གཞོན་དག་ལ་གཟེངས་བསྟོད་བྱེད་པ་དང་། ཕུལ་བྱུང་ན་གཞོན་གྱི་རྣམ་པ་ལེགས་པོ་སྲུང་བ། ན་གཞོན་རྣམས་སྐྱེས་སྟོབས་ལ་འཚམས་པའི་སྤྱི་ཚོགས་ཁོར་ཡུག་ལེགས་བསྒྱུར་བྱེད་ཆེད། ཤེས་ཡོན་ཅན་དང་སྔོན་ཐོན་མི་སྣ་སྒྲོག་སྤེལ་བྱེད་ཅིང་། འདི་ལྟ་བུའི་ཕུལ་བྱུང་མི་སྣའི་སྣང་བརྙན་བསྐྲུན་ཏེ་སློབ་ལ་བརྩོན་པ་དང་། བྱ་བར་འབད་པ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པར་སྐུལ་ལྕག་དང་གནས་ཁྲིད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com