མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ལས་ཞུགས་མི་སྣ་བསྡུ་བ།

རྩོམ་པ་པོ།:མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-28 11:11:00 ཀློག་གྲངས།:


སི་ཁྲོན་མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

ཧི་མ་ལའི་རིག་མཛོད་ཆེན་མོའི་གཞུང་ལས་ཁང་།

          སི་ཁྲོན་མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ད་ལོ་ནས་བཟུང་བོད་ཀྱི་ཆོས་ལུགས་རིག་གནས་ཉམས་རྒུད་སླར་གསོ་དང་དེ་ཉིད་འཛམ་གླིང་ཡོངས་ལ་དར་སྤེལ་གཏོང་ཆེད།     བོད་ཀྱི་གནའ་དེང་མཁས་པའི་བརྩམས་ཆོས་གསར་རྙིང་རིན་ཐང་དང་ལྡན་པ་དག་གཙོ་བོ་བྱས་པའི་བོད་ཡུལ་གྱི་གསུང་རབ་ཡོད་དོ་ཅོག་གློག་རྡུལ་ཡི་གེ་རུ་བསྒྱུར་ཏེ་ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་ཡིག་གཟུགས་དང་དཔེ་རྟགས་སོགས་གཅིག་གྱུར་གྱི་དཔེ་ཚོགས་གསར་པ་ཞིག་དཔར་བསྐྲུན་བྱས་ཏེ་ཕྱོགས་ཡོངས་ཀྱི་དགོན་སྡེ་དང་སློབ་གྲྭ་སོ་སོར་རིན་མི་དགོས་པར་གཟིགས་འབུལ་བྱེད་རྒྱུ་དང་།      ལྷག་ཏུ་དེང་གི་བརྡ་འཕྲིན་དུས་རབས་སུ་དུས་དང་མཐུན་པར་རིག་གཞུང་དེ་དག་དྲྭ་ལམ་དུ་བཀོད་དེ་ནང་བསྟན་དང་བོད་ཀྱི་རིག་གནས་ཡོངས་རྫོགས་འཛམ་གླིང་ཧྲིལ་བོས་ལྟ་ཀློག་བྱེད་ཐུབ་པ་ཞིག་བཟོ་རྒྱུའི་འཆར་གཞི་གསར་པ་ཞིག་གི་རྨང་གཞི་བཞག་ཡོད། 


ཧི་མ་ལའི་རིག་མཛོད་ཆེན་མོའི་སྐུ་མགྲོན་ཁང་།

ཧི་མ་ལའི་རིག་མཛོད་ཆེན་མོའི་གྲོས་ཚོགས་ཁང་།

          དོན་དེ་ལེགས་འགྲུབ་འོང་ཕྱིར་བོད་ཀྱི་གནའ་དེང་རིག་མཛོད་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཞེས་པའི་ལས་ཁུངས་ཤིག་རྩ་འཛུགས་བྱས་ཏེ་ལས་ཞུགས་ཆེད་མཁས་མི་སྣ་བརྒྱ་ཕྲག་ཡན་བསྡུ་ལེན་བྱ་འཆར་ཡོད་པ་ཡིན། གདན་ཞུ་མི་སྣའི་ཆ་རྐྱེན་གཙོ་བོ།    ནང་བསྟན་ཆེད་མཁས་པ།   རིག་གནས་ཆེད་མཁས་པ།   རྩོམ་སྒྲིག་པ།   ཇུས་འགོད་པ།   དྲྭ་ཚུགས་ཆེད་མཁས་པ།  ཞུ་དག་པ།   ཡིག་བཏགས་པ་བཅས་ཀྱི་ ཆ་རྐྱེན་གང་རུང་ལྡན་པའི་མི་སྣ་གདན་འདྲེན་བྱེད་རྒྱུ་ཡིན།   ལས་ཞུགས་དུས་ཡུན་རིང་ཐུང་རང་ཉིད་ཀྱི་གནས་ཚུལ་ལྟར་གཏན་འཁེལ་བྱེད་ཆོག  མི་སྣ་ལ་གྲྭ་གྲོང་དང་ཕོ་མོའི་ཁྱད་པར་མེད། སྡོད་ཁང་དང་ཟ་མ་སོགས་གཞུང་ནས་བཀོད་སྒྲིག་བྱེད་པར་མ་ཟད་མི་རང་རང་གི་གནས་ཚུལ་ལྟར་ཟླ་ཕོགས་དུས་དང་འཚམ་པར་སྤྲོད་རྒྱུ་ཡིན།

ཞར་བཀོད།

བསྡུ་དུས།   2011ལོའི་ཟླ12བའི་ཚེས1ནས་བསྡུ་ལེན་བྱེད་རྒྱུ་ཡིན། 
འབྲེལ་གཏུག་ས་གནས།  སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཀོ་ཞིང་ནུབ་ཁུལ་ཤེས་ཤེན་ལམ་ཆེན་གྱི་སྒོ་རྟགས་ཨང5བ། 
                                                       (四川省成都市高新西區西芯大道5號)
འབྲེལ་གཏུག་བྱེད་ཡུལ་གྱི་ཁ་པར་ཨང་གྲངས།  13980886163   15196666697 
གླེང་མོལ་ཨང་གྲངས།  1095661700


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།