བོད་ལྗོངས་ཀྱི་ཆེས་ཆེ་བའི་རིག་གནས་གནས་སྐོར་ལས་གཞི2014ལོར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-29 11:42:00 ཀློག་གྲངས།:
  རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཡོངས་སུ་རིག་གནས་ལས་དོན་གཉེར་བའི་གནས1709ཡོད་ཅིང་། རིག་གནས་ཚོང་རར་ཞུགས་པའི་མི7398ཡོད་པས་རིགས་སོ་སོ་དང་རིམ་པ་སོ་སོའི་རིག་གནས་ཚོང་རའི་འཕེལ་རྒྱས་ཀྱི་ཐོག་མའི་རྣམ་པ་ཆགས་གྲུབ་བྱུང་ཡོད་པ་རེད། རིག་གནས་ཐོན་ལས་འཕེལ་རྒྱས་བྱུང་བའི་འགྲོས་དང་བསྟུན་ནས་གཞི་ཁྱོན་ཆེ་བའི་ལྷ་སའི་སྤྲོ་སྐྱིད་ཁང་མང་པོ་བྱུང་པས་བོད་ལྗོངས་རིག་གནས་ཐོན་ལས་ཀྱི་འགྲན་ཤུགས་མངོན་སུམ་གྱིས་མཐོར་འདེགས་བྱས།
  ཉེ་བའི་ལོ་ནང་། བོད་ལྗོངས་རིག་གནས་ཐོན་ལས་ལ་སྣ་མང་ཅན་གྱི་མ་དངུལ་གཏོང་བ་དང་དབང་བའི་ལམ་ལུགས་སྣ་མང་ཅན་མཉམ་འཕེལ་མཉམ་རྒྱས་ཀྱི་རྣམ་པ་བཟང་བོ་ཞིག་གྲུབ་ཡོད་པར་མ་ཟད། རིག་གནས་གཉེར་བའི་རྣམ་གྲངས་དང་ལས་གཞི་ཡང་ལོ་རེ་བཞིན་ཇེ་མང་དུ་ཕྱིན། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རྫོངས་སྟུག་ཅིང་ཁོངས་རྒྱ་ཡངས་པའི་བོད་ལྗོངས་རིག་གནས་ཀྱི་མཚན་སྙན་ཡར་ངོས་ཟླ་བཞིན་རྒྱས་ཤིང་། རིག་གནས་ཐོན་ལས་དང་ཚོང་ར་ལེགས་པོར་ཟུང་སྦྲེལ་བྱས་པས་བོད་ལྗོངས་རིག་གནས་ཐོན་ལས་ཚོང་རར་ཕྱོགས་སུ་བསྐྱོད་པའི་གོམས་ཁ་སྔར་ལས་ཀྱང་བརྟན་པོར་གྱུར།
  བོད་ལྗོངས་ཀྱིས་གནས་སྐོར་ལས་རིགས་རྒྱ་ཆེར་སྤེལ་བའི་གོ་རིམ་ཁྲོད“རི་རབ་ལྷུན་པོ་དང་། གངས་ལྗོངས། ཉི་ཟེར། བོད་ཀྱི་རིག་གནས”ཞེས་པའི་གནས་སྐོར་མཚོན་རྟགས་ཤིག་སྤེལ་ནས་བོད་ཀྱི་རིག་གནས་བརྗོད་བྱར་བྱས་པའི་གནའ་ཤུལ་གྲགས་ཅན་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རིག་གནས་གནས་སྐོར་ཐོན་རྫས་སྣ་མང་སྤེལ། གནས་སྐོར་དང་རིག་གནས་ཐོན་ལས་ཀྱི་གོང་སྤེལ་ཟུང་སྦྲེལ་བྱས་ནས་དེ་གཉིས་མཉམ་རྒྱལ་གྱི་དམིགས་འབེན་མངོན་འགྱུར་བྱུང་། མིག་སྔའི་བར་དུ་ལྗོངས་ཡོངས་སུ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་གཉེར་བའི་ཁེ་ལས་དང་ལས་ཁུངས3000ལྷག་ཡོད་པ་དང་། ལས་ཞུགས་མི་སྣ་ཁྲི2ལྷག  ལས་སྒོ་རིགས20ལྷག ལོ་རེར་སྒོར་ཁྲི1000ལྷག་གི་ཁྲལ་བསྡུས་པ་རེད། དེ་མིན་ལྗོངས་ཡོངས་སུ་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི8དང་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི2བཅས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།