མཚོ་སྔོན་པོ་དྲ་རྒྱ་བཙུགས་ནས་ལོ་འཁོར་བཞི་ལོན་པའི་རྟེན་འབྲེལ་མཛད་སྒོ་མཇུག་སྒྲིལ་བ།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ་
དཔལ་འབྲུག་འབུམ་ལགས་ཀྱིས་མཛད་སྒོ་ལ་མདོ་འཛིན་བྱེད་པ།
ཟླ11པའི་ཚེས28ཉིན་གྱི་དགོང་མོ། མཚོ་སྔོན་པོ་དྲ་རྒྱ་བཙུགས་ནས་ལོ་འཁོར་བཞི་ལོན་པའི་རྟེན་འབྲེལ་མཛད་སྒོ་དེ་བདེ་བླག་ངང་བསྡུས་ཤིང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་གཙོ་ཨ་དགེ་འདུན་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་། ཁུལ་རིག་རྩལ་ཅུའུ། ཁུལ་བོད་སྨན་ཁང་། མཚོ་ལྷོའི་ཚགས་པར་ཁང་། ཁུལ་སྤྱི་བདེ་ཅུའུ་དྲ་རྒྱ་བདེ་འཇགས་རུ་ཁག་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན། དེ་མིན་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་སྒྲུབ་པ་ཡོངས་ཐེངས་འདིའི་རྟེན་འབྲེལ་མཛད་སྒོ་ལ་ཞུགས་པ་རེད།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་གཙོ་ཨ་དགེ་འདུན་
ལགས་ཀྱིས་མཚོ་སྔོན་དྲ་རྒྱ་ལོ་འཁོར་བཞི་ལོན་པར་ཤིས་ཚིག་ཕུལ་པ།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ་དཔལ་འབྲུག་འབུམ་ལགས་ཀྱིས་མཛད་སྒོ་ལ་མདོ་འཛིན་བྱས་ཤིང་། མཚོ་སྔོན་པོ་དྲ་རྒྱ་གསར་འཛུགས་བློ་འདོན་པའམ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་ལགས་ཀྱིས་གཏམ་བཤད་གནང་བ་དང་མཚོ་སྔོན་པོ་དྲ་རྒྱ་བཙུགས་ནས་ལོ་འཁོར་བཞི་རིང་གི་བྱ་བར་སྤྱི་བསྡོམས་བྱས་པ་མ་ཟད། 2011ལོར་དྲ་རྒྱའི་དོ་དམ་ལས་གཉེར་སོགས་ཀྱི་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པར་གདེང་འཇོག་དང་ཁས་ལེན་གནང་ཞིང་། རྗེས་ཕྱོགས་ཀྱི་བྱ་བར་རེ་འདུན་དང་དགོངས་ཚུལ་བཏོན་ནས་དྲ་རྒྱའི་ལས་སྒྲུབ་པ་རྣམས་ཀྱིས་ད་དུང་མུ་མཐུད་པར་བརྩོན་པ་གང་ལེགས་བྱེད་པར་སྐུལ་ལྕག་ཆེན་པོ་བྱས།
མཚོ་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་གཞོན་པ་ཏུའུ་སིན་ལགས་ཀྱིས་
མཚོ་སྔོན་དྲ་རྒྱ་ལོ་འཁོར་བཞི་ལོན་པར་ཤིས་ཚིག་ཕུལ་པ།
མཛད་སྒོའི་སྟེང་། མགྲོན་ཞུགས་པ་རྣམས་ཀྱིས་མཚོ་སྔོན་པོ་དྲ་རྒྱ་ལོ་འཁོར་བཞི་ལོན་པར་ལྷག་བསམ་འཁོལ་བའི་རྟེན་འབྲེལ་དང་སེམས་འདུན་བརྗོད་ཅིང་། རྗེས་ཕྱོགས་ད་དུང་ཇེ་རྒྱས་ཇེ་ལེགས་སུ་འཕེལ་པར་སྨོན་འདུན་ཞུས་པ་རེད། དེའི་མཚུངས་སུ་ཕན་ཚུན་བསམ་བློ་བརྗེ་རེས་དང་གླེང་མོལ་བྱས་ནས་འདིར་བཞུགས་གཞོན་སྐྱེས་ལས་སྒྲུབ་པ་ཡོངས་ལ་གོ་བསྐོན་བློ་འགུག་གི་ཚོར་སྣང་ཞིག་བསྐྱེད་པ་རེད།
མཛད་སྒོ་ཡུལ་དངོས།
མཐའ་མར། དགའ་སྐྱིད་ཀྱི་གླུ་གཞས་དང་བསྡོངས་ནས་མཚོ་སྔོན་པོ་དྲ་རྒྱ་ལོ་འཁོར་བཞི་ལོན་པའི་རྟེན་འབྲེལ་དགོང་ཚོགས་བདེ་བླག་ངང་མཇུག་སྒྲིལ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com