《ཁྱི་རྒན》ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ཆེས་ལེགས་པའི་བརྙན་རིས་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-30 16:15:00 ཀློག་གྲངས།:


དགའ་རྟགས་གནང་བའི་དགོང་ཚོགས་ཀྱི་ཡུལ་དངོས།

          ཟླ11པའི་ཚེས27ཉིན།   སྐབས་བཅུ་གཉིས་པའི་ཏུང་ཅིནFILMEXརྒྱལ་སྤྱི་གློག་བརྙན་དུས་སྟོན་དངོས་སུ་མཇུག་སྒྲིལ་ཞིང་།  པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》ཞེས་པར་ཆེས་ལེགས་པའི་བྱ་དགའ་ཐོབ་པ་སྟེ་འཇར་པན་གྱི་དངུལ་སྒོར་ཁྲི100གནང་བ་དང་།  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་གློག་བརྙན་བཟོ་སྐྲུན་པ་སངས་རྒྱས་རྒྱ་མཚོ་གཉིས་ཐེངས་འདིའི་བྱ་དགའ་གནང་བའི་མཛད་སྒོར་ཞུགས་པ་རེད། 


དགའ་རྟགས་གནང་བའི་དགོང་ཚོགས་ཀྱི་ཡུལ་དངོས།

          ཐེངས་འདིའི་གློག་བརྙན་དུས་སྟོན་དུ་རྒྱལ་ཁབ་སོ་སོ་ནས་ཡོང་བའི་རྒྱལ་སྤྱིའི་དཔྱད་འདེམས་པ་དག་གིས《ཁྱི་རྒན》ལ་གདང་འཇོག་ཆེན་པོ་གནང་བ་སྟེ།  གློག་བརྙན་འདི་ནི་ཁྱོན་ཡངས་བའི་ས་ཁུལ་གྱི་ལུགས་སྲོལ་གཞིར་བཟུང་ནས་སེམས་ཁམས་བརྗོད་པ་དང་།  དེའི་མཚུངས་སུ་འདི་ཉིད་རྩོམ་རིག་ནས་གློག་བརྙན་དུ་འགྱུར་བཅོས་བྱས་ཡོད་ཅིང་།  འདིར་བཞུགས་ཀྱི་རྣམ་པ་ཚོར་བོད་ཁུལ་གྱི་ཁོར་ཡུག་དེ་ལྟ་བུའི་འོག་མི་དམངས་ཀྱི་འཚོ་བའི་བརྒྱུད་རིམ་སོགས་ལ་མྱོང་སྣང་བྱེད་པར་གོ་སྐབས་ལེགས་པོ་ཞིག་བསྩལ་བ་རེད་ཟེར།


པདྨ་ཚེ་བརྟན་གྱིས་དགའ་རྟགས་བླངས་བའི་མྱོང་ཚོར་བརྗོད་ཅིང་ད་དུང་མུ་མཐུད་
དུ་ཕ་ཡུལ་གྱི་གཏམ་རྒྱུད་དག་ལ་འབད་རྒྱུ་ཡིན་པ་བསྟན།


པདྨ་ཚེ་བརྟན་དང་དཔྱད་འདེམས་པ་དག་ལྷན་དུ་པར་བསྐྱོན་པ།

          ཏུང་ཅིནFILMEXརྒྱལ་སྤྱི་གློག་བརྙན་དུས་སྟོན་གྱིས་མིང་དུ་གྲགས་པའི་གློག་བརྙན་མཁན་པོ་གང་མང་གི་ཡིད་དབང་བཀུག་ཅིང་དེའི་ཤུགས་རྐྱེན་ཉིན་བཞིན་ཁྱབ་ཆེ་རུ་འགྲོ་བཞིན་འདུག    གློག་བརྙན་འགྲེམ་སྤེལ་འདི་ནི་ཁག་དུ་མས་གྲུབ་ཡོད་ཅིང་ཐེངས་འདིའི་འགྲེམ་སྤེལ་འགོ་རྩོམ་པར་བསྟན་པའི་གློག་བརྙན་ནི་ཅི་ཅིན་ཏེའེ་ཡིས་འཁྲབ་ཁྲིད་བྱས་པའི《ཨ་ལེ་ལང》ཟེར་བ་ཡིན་པ་དང་།  མཇུག་བསྡུ་བའི་གློག་བརྙན་ནི་ཏུའུ་ཆི་ཧྥིན་གྱིས་འཁྲབ་ཁྲིད་བྱས་པའི《ཚེ་སྲོག་འཕྲོག་པའི་གསེར》ཞེས་པ་དེ་ཡིན། 


འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་གློག་བརྙན་བཟོ་སྐྲུན་པ་སངས་རྒྱས་རྒྱ་མཚོ་གཉིས་
སྐབས་འདིའི་གློག་བརྙན་དུས་སྟོན་གྱི་ཀྲུའུ་ཞི་དང་མཉམ་དུ་པར་བསྐྱོན་པ།

          ད་ལོའི་འགྲན་བསྡུར་ཁྲོད་བསྡོམས་པས་གློག་བརྙན་བཅུ་ཡོད་དེ།  ཀྲུང་གོའི་གློག་བརྙན《ཁྱི་རྒན》ལས་གཞན་ད་དུང་ཁོ་རི་ཡ་དང་ཉི་ཧོང་།  སིངྒྷལ་སོགས་རྒྱལ་ཁབ་གཞན་དག་གི་གློག་བརྙན་མང་པོ་ཡོད་པ་རེད། ཁོ་རི་ཡའི་གློག་བརྙན《The Journals of Musan》ཞེས་པར་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་དགའ་རྟགས་ཐོབ་པ་དང་།  ཅི་ཅིན་ཏེའེ་ཡིས་འཁྲབ་ཁྲིད་བྱས་པའི《ཨ་ལེ་ལང》ཞེས་པར་གཟིགས་མོ་བའི་དགའ་རྟགས་ཐོབ།


དགའ་རྟགས་ཀྱི་དགོང་ཚོགས་མཇུག་རྫོགས་རྗེས་གྲོགས་པོ་ཚོ་དང་ལྷན་དུ་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་པ། 

          《ཁྱི་རྒན》ནི་པདྨ་ཚེ་བརྟན་གྱི་བོད་སྐད་གློག་བརྙན་ཁག་གསུམ་པ་ཡིན་ཞིང་།  ཡ་གླིང་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་འགྲེམ་ཚོགས་སྟེང་ཆེས་ལེགས་པའི་བརྙན་ཕབ་བྱ་དགའི་གཟེངས་རྟགས་ཐོབ་རྗེས།  ཉེ་ལམ་སྤེལ་པའི་སྐབས་ལྔ་བའི་ཁྲུན་ཆིན་དམངས་ཁྲོད་བརྙན་རིས་བརྗེ་རེས་འགྲེམ་སྟོན་སྟེང་ཡ་གླིང་གློག་བརྙན་དཔྱད་འཇོག་པའི་མཉམ་འབྲེལ་བྱ་དགའ་སོགས་གང་མང་ཐོབ་པ་དང་།  ལས་རིགས་ནང་ཁུལ་དུའང་གདེང་འཇོག་ཆེ་ཞིང་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།