མངའ་རིས་གུ་གེའི་གནའ་ཤུལ་ཞིག་གསོ་བྱས་ཚུལ80%ལས་བརྒལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-01 09:44:00 ཀློག་གྲངས།:
  མངའ་རིས་གུ་གེའི་རྒྱལ་རབས་གནའ་ཤུལ་གྱི་སྤྱིའི་ཞིག་གསོ་སྲུང་སྐྱོབ་བྱེད་པའི་ལས་གཞི་ནི་བོད་རང་སྐྱོང་ལྗོངས“ལོ་ལྔའི་འཆར་གཞི་བཅུ་གཅིག”སྐབས་ཀྱི་རིག་དངོས་གཙོ་ཤོས་སྲུང་སྐྱོབ་བྱེད་པའི་ལས་གཞི་ཁག་ཅིག་ཡིན་ཞིང་། 2011ལོའི་ཟླ3པར་འགོ་བཙུགས་ནས་སྤྱིའི་མ་དངུལ་སྒོར་ཁྲི5744བཏང་བ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་གྲུབ་ཆ་གཙོ་བོའི་ཞིག་གསོ་དང་ཇུས་འགོད་ནི་ཀྲུང་གོའི་ཤུལ་བཞག་རིག་གནས་ཞིབ་འཇུག་གླིང་གིས་འགན་འཁུར་བ་དང་། བྲག་ཕུག་གི་མཐའ་འཁོར་སྲ་བརྟན་དང་རི་རྒྱུད་ཀྱི་ཆུ་འདོན་ལེགས་བཅོས་ཇུས་འགོད་དེ་སྤྱིའི་སྒྲིག་ཆས་པུའི་ལས་གྲྭ་ཇུས་འགོད་ཞིབ་འཇུག་གླིང་གིས་འགན་འཁུར་བཞིན་ཡོད། ལྡེབས་རིས་ཞིག་གསོ་སྲུང་སྐྱོབ་ཇུས་འགོད་དེ་ཏུན་ཧོང་ཞིབ་འཇུག་གླིང་གིས་འགན་འཁུར་བཞིན་ཡོད་པ་རེད། མིག་སྔའི་བར་དུ་ལས་གཞིའི་རིག་དངོས་སྲུང་སྐྱོབ་ཀྱི་གྲུབ་ཆ་གཙོ་བོའི་ཞིག་གསོ་བྱས་ཚུལ80%ལས་བརྒལ་ཞིང་། ཞིག་གསོའི་ལས་གཞི་བདེ་བླག་ངང་སྤེལ་བཞིན་ཡོད་ལ། སྒྲོལ་མའི་ལྷ་ཁང་དང་། ལྷ་ཁང་དཀར་པོ། འཇིགས་བྱེད་ལྷ་ཁང་བཅས་ཀྱི་གྲུབ་ཆ་གཙོ་བོ་ཞིག་གསོ་བྱས་ཚར་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།