ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན་ཚོགས་པས་གློག་བརྙན་བགྲོ་གླེང་སྐབས་གཉིས་པ་འཚོགས་པ།

རྩོམ་པ་པོ།:ཨ་མའི་ལོ་ལོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-05 10:51:00 ཀློག་གྲངས།:


ཁྱབ་སྒྲོག་པར་རིས།

          རྩྭ་ཐང་ན་ཉི་འོད་དང་བསིལ་རླུང་ཡོད་ན།  རྩྭ་ཐང་ན་མེ་ཏོག་དང་ལུག་ཁྱུ་ཡོད།  རྩྭ་ཐང་ན་འབྲོག་པ་དང་སྦྲ་གུར་ཡོད་ན།  རྩྭ་ཐང་ན་སྐྱ་རེངས་དང་དུད་ཞགས་ཡོད།  རྩྭ་ཐང་ན་བྱིས་པ་དང་ཀ་ཁ་ཡོད་ན།  རྩྭ་ཐང་ན་ཚེ་སྲོག་དང་གསོན་ཤུགས་ཡོད།


མདོ་འཛིན་པས་གློག་བརྙན་ཕབ་བསྐྲུན་སྐོར་གྱི་གནས་ཚུལ་ངོ་སྤྲོད་བཞིན་པ།

གློག་བརྙན་ལ་ལྟ་བཞིན་པ།

          ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན་ཚོགས་པས་བོད་ཀྱི་སློབ་ཆེན་པའི་སྡེ་རུ་གློག་བརྙན་ཞེས་པར་ཧ་གོ་བའི་སླད་དང་དེ་ལ་མོས་པ་བསྐྱེད་ཕྱིར། གློག་བརྙན་སྐོར་གྱི་འཆད་འཁྲིད་དང་བགྲོ་གླེང་རིམ་པར་སྤེལ་བར་སྐབས་དང་པོར་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་གྱིས་འཁྲབ་འཁྲིད་བྱས་པའི་དབུས་ལམ་གྱི་ཉི་མ་ཞེས་པར་བགྲོ་གླེང་བྱས་ཤིང་། ཀུན་གྱིས་སོ་སོས་བསམ་ཚུལ་དང་དགག་བཞག་གི་བགྲོ་གླེང་གང་མང་བྱས་པར་སློབ་གླིང་འདིར་བོད་ཀྱི་གློག་བརྙན་ལ་དང་དོད་བྱེད་པའི་མཁའ་དབུགས་གསར་བ་ཞིག་གི་དབུ་ཚུགས།


བགྲོ་གླེང་བྱེད་བཞིན་པའི་ཚུལ།

          ད་རེབ་ཀུན་གྱི་སྤྱན་སྔར་ཕུལ་བ་ནི། ཨ་རིའི་འཁྲབ་འཁྲིད་པ་གྲགས་ཅན་ནཱེལ་སིན་དང་ལཱིན་གཉིས་ཀྱིས་རྫ་ཆུའི་ཁ་ནས་བོད་ཀྱི་འབྲོག་པའི་འཚོ་བ་བརྗོད་གཞིར་བྱས་པའི་དངོས་བྲིས་གློག་བརྙན་དབྱར་མཚེར་ཞེས་པ་དེ་ཡིན་ཞིང་། འདི་ལས་འབྲོག་མི་བཟའ་ཟླ་གཉིས་ཀྱི་ལྷད་མེད་དག་གཙང་གི་འཚོ་བའི་མཁའ་དབྱིངས་མཐོང་ཐུབ་ལ། རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་རྩྭ་ཐང་ན་རང་ཉིད་འབོར་བཞིན་པའི་མི་རིགས་ཤིག་གི་གནས་བབས་ལ་ཡང་བསྐྱར་བསམ་གཞིག་བྱས་ཆོག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།