བོད་ཆུ་འབྲུག་ལོའི་རིག་རྩལ་སྤྲོ་ཚོགས་གངས་ལྗོངས་བླ་འབྲུག་ཞེས་པ་བརྙན་དུ་ཕབ།

རྩོམ་པ་པོ།:གཡང་མོ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-14 11:07:00 ཀློག་གྲངས།:


དགོང་ཚོགས་ཀྱི་མདོ་འཛིན་པ།

          ཟླ12པའི་ཚེས9ཉིན་གྱི་དགུང་མོར། མཚོ་སྔོན་རྒྱང་བསྒྲགས་ལས་ཁུངས་ཀྱིས2012ལོའི་བོད་ཆུ་འབྲུག་ལོའི་རིག་རྩལ་སྤྲོ་ཚོགས་གངས་ལྗོངས་བླ་འབྲུག་ཞེས་པ་དེ་མཚོ་སྔོན་གློག་ཁང་ཆེན་མོའི་ཚོགས་ཆེན་དུ་བརྙན་ཕབ་བྱས་ཚར་བ་རེད།


གཞས་གཏོང་བ།


ཐུན་མོང་མཉམ་ལེན།

          མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་པད་མ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཡུས་མགོན་པོ་སོགས་དང་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་པ་དང་ཕྱོགས་ཡོངས་ཀྱི་རྫོང་ཁུལ་རིམ་པའི་ཚབ་བྱེད་མི་སྣ། བོད་ཀྱི་ལས་བྱེད་མི་སྣ600ལྷག་ཐེངས་འདིའི་དགོང་ཚོགས་ལ་སླེབས་ཤིང་།  སྔོན་བོད་རིགས་ཟློས་གར་ཚོགས་པ་དང་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས་མཉམ་འབྲེལ་གྱིས་འཁྲབ་སྟོན་བྱས་པའི་གངས་ལྗོངས་བླ་འབྲུག་ཞེས་པའི་བྲོ་གར་ཆེ་ཤོས་དེས་མཛད་སྒོའི་འགོ་བརྩམས་པ་རེད། 


གཞས་གཏོང་བཞིན་པ།

          ཆུ་ཚོད་གསུམ་ལྷག་གི་དགོང་ཚོགས་སྟེང་དུ་པེ་ཅིན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས། ཡུན་ནན་དང་མཚོ་སྔོན་ཞིང་ཆེན་གྱི་འཁྲབ་སྟོན་པ200ལྷག་གིས་སྔ་གཞུག་དུ་འཁྲབ་སྟོན་བྱས་ལ། རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་ཉམས་བརྗིད་ཆེ་པའི་བོད་ཀྱི་ཟློས་གར《ཟླ་བའི་གཟི་འོད》དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བོད་རིགས་གླུ་གར་ཚོགས་པའི་སྒྲ་སྙན་འབྲུག་མགོ་མའི་རྡུང་ལེན《དགའ་སྤྲོའི་བྲོ་གར》སོགས་ཡིད་དབང་འཕྲོག་པའི་ལས་ཚན་མང་པོ་ཞིག་གིས་ལྟ་མཁན་པ་རྣམས་སྤྲོ་སེམས་རབ་ཏུ་འཁོལ་བར་བྱས། དགོང་ཚོགས་འདི་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་། དམངས་གླུ་དང་།  གར་ཆུང་། དགོད་སྤྲོའི་གཏམ་གླེང་། རྩེ་རིག་སོགས་སྲོལ་རྒྱུན་དང་དེང་རབས་ཀྱི་རྣམ་པ་གཞི་གཅིག་དུ་འདྲེས་པའི་ཁྱད་ཆོས་དོད་པ་རེད།


ཁ་ཤགས་བཤད་པ།

          ཤེས་གསལ་ལྟར་ན། ད་ལོའི་བོད་ཀྱི་ལོ་གསར་སྤྲོ་ཚོགས་སྔར་དང་མི་མཚུངས་པར་དུས་ཡུན་ཇེ་རིང་དང་།  སྔར་ལས་ལྷག་པའི་སྒོ་ནས་དུས་ཆེན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་ཇེ་མང་དུ་བཏང་ཡོད་ལ། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལེ་ཚན་བརྒྱུད་དེ་ལུགས་རྙིང་ལོ་གསར་སྐབས་སུ་མང་ཚོགས་ཀྱི་སྤྱན་སྔར་གཏོང་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།