མཚོ་ལྷོ་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་བྱ་བའི་བརྙན་གཟུགས་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-14 11:20:00 ཀློག་གྲངས།:


ཚོགས་ཞུགས་འགོ་ཁྲིད་རྣམ་པ།

          ཟླ12བའི་ཚེས12ཉིན།  མཚོ་ལྷོ་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་བྱ་བའི་བརྙན་གཟུགས་ཚོགས་འདུ་བསྡུས་ཤིང་།  མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝུན་ཁོས་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་།  ཁུལ་དཔོན་གཞོན་པ་ཚེ་རིང་ཐར།  རྫོང་ལྔ་སོ་སོར་དོ་དམ་བྱེད་མཁན་གྱི་རྫོང་དཔོན་གཞོན་པ།  གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲའུ་ཅི།  གྲོང་རྡལ་གྱི་འགོ་གཙོ།  སྡེ་བའི་འགོ་དཔོན་ཚབ་བྱེད་པ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་བྱ་བའི་འགོ་ཁྲིད་ཚན་ཆུང་ཁོངས་གཏོགས་ཀྱི་འགན་འཛིན་པ་གཙོ་ཤོས་དང་།  ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།  ཁུལ་དམངས་སྲིད་ཅུའུ།  ཁུལ་ནོར་སྲིད་ཅུའུ།  ཁུལ་ཞིང་འབྲོག་ཅུའུ་སོགས་ཀྱི་འགན་འཛིན་པ་གཙོ་གྲས་རྣམས་ཐེངས་འདིའི་ཚོགས་འདུ་རུ་ཞུགས།  དེའི་མཚུངས་སུ་འབའ་རྫོང་དང་།  མང་རྫོང་།  བྲག་དཀར་རྫོང་།  ཁྲི་ཀ་རྫོང་སོགས་སུ་དབྱེ་ཚོགས་བཙུགས་ཏེ་ངོ་བོ་གཅིག་པའི་ཚོགས་འདུ་བསྡུས་པ་རེད།


མཚོ་ལྷོ་ཁུལ་གྱིས་བསྡུས་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་
མ་ལག་བྱ་བའི་བརྙན་གཟུགས་ཚོགས་འདུ་ཡུལ་དངོས།

          ཚོགས་འདུ་འདིས《2011ལོའི་མཚོ་ལྷོ་ཁུལ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་དོན་འཁྱོལ་འཆར་འགོད》ཀྱི་འབྲེལ་ཡོད་གནས་ཚུལ་ཞུ་བརྗོད་བྱས་ཤིང་།  《ཞིང་ལས་པུའུ་དང་ནོར་སྲིད་པུའུ་ཡི2011ལོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་མ་ལག་དོན་འཁྱོལ་ཡོང་བའི་སྣེ་སྟོན་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་རྩྭ་ཐང་སྐྱེ་ཁམས་ཁ་གསབ་རོགས་དངུལ་མ་ལག་དོན་འཁྱོལ་བསམ་འཆར(ཚོད་བསྟར)》བཅས་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་པ་དང་།  ཁུལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་སྲིད་ཇུས་ལེགས་པོར་སྐྱོང་བར་བཀོད་སྒྲིག་བགྱིས་པ་རེད།            ཚོགས་འདུས་བསྟན་དོན།  རྫོང་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་སྲིད་ཇུས་དོན་འཁྱོལ་ཡོང་བར་འགན་ཁུར་རང་བཞིན་དང་དུས་བཅད་རང་བཞིན་གྱི་འདུ་ཤེས་དགོས་ཤིང་།  མགྱོགས་མྱུར་ངང་འཆར་འགོད་བཟོ་བཀོད་གཏན་འབེབས་དང་ཡར་ཞུ་བྱས་ཏེ་ཚན་རིག་སྒོས་ཕྱུགས་འཚོ་བ་དང་། རྩྭ་ཐང་དང་ཕྱུགས་ཟོག་དོ་སྙོམས། ཕྱུགས་འགོག་ཁ་གསབ་རོགས་དངུལ་ཚད་གཞི་སོགས་གཏན་འཁེལ་བྱེད་པ་དང་།  ནན་ཏན་གྱིས་ཁ་གསབ་རོགས་དངུལ་ཡག་ཤོས་དང་ཐོན་སྐྱེད་རྒྱུ་ཆ་ཕྱོགས་བསྡུས་ཁ་གསབ་རོགས་དངུལ་སྲིད་ཇུས་དངོས་འབེབ་བྱེད་པ། ཁ་གསབ་རོགས་དངུལ་སྲིད་ཇུས་དང་ཕྱུགས་འགོག་རྩྭ་སྲུང་།  གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྡོད་དམངས་གནས་སྤོ་སོགས་ཀྱི་སྲིད་ཇུས་དང་ཕན་ལྡན་ངང་སྦྲེལ་དགོས་ལ།  ས་གནས་སོ་སོས་ཁ་གསབ་རོགས་དངུལ་སྲིད་ཇུས་དང་མཐུན་སྦྱོར་བྱེད་པ་དང་།  “ཕྱུགས་ཚོད་འཛིན་ལས་ཕྱུགས་སྐྱོང་ཚོད་འཛིན་མི་བྱེད་པ་དང་།  ཕྱུགས་ཉུང་དུ་གཏོང་བ་ལས་ཡོང་འབེབ་ཉུང་དུ་མི་གཏོང་བའི”དམིགས་འབེན་མངོན་འགྱུར་བྱེད་པར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུག་རིགས་འཕེལ་རྒྱས་མཉམ་རྒྱལ་ལ་བརྩོན་ལེན་གང་ནུས་བྱེད་པ།  སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་རང་འགུལ་རང་བཞིན་ལ་སྐུལ་སློང་བྱས་ནས་ཕྱོགས་ཡོངས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་འཛུགས་པར་མང་ཚོགས་ཀྱི་རྨང་གཞི་འདེང་བ་དང་།   ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་ངང་འཕེལ་རྒྱས་བྱེད་པར་བརྩོན་པ།


ཚོགས་ར་དངོས།

          མཐར།  ཁུལ་དཔོན་ཀྲང་ཝུན་ཁོས་ལགས་ཀྱིས་རྩྭ་ཐང་བདག་གཉེར་འགན་འཁྲི་སྔོན་འགྲོ་དང་།  རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་འགངས་ཆེན་དུ་བཟུང་བ།  དབུལ་ཐར་ཕྱུག་འགྱུར་དམིགས་སུ་འཛིན་པ།  ཁ་དབུགས་གསར་བའི་རྣམ་པ་སྐྲུན་པ་བཅས་དངོས་འབེབ་བྱེད་པའི་ཐད་ནས་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ཡོད་པ་བསྟན་ལ།  སྲིད་ཇུས་འདི་དངོས་འབེབ་བྱེད་པའི་མཐའ་མའི་དམིགས་ཡུལ་ནི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་ཡིན་ཞིང་།  རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་མང་ཚོགས་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དངོས་གནས་ལེགས་བཅོས་དང་མཐོར་འདེགས་བྱེད་པ་དང་།  ཁུལ་ཡོངས་ཀྱི་ཏང་སྲིད་རྩ་འཛུགས་སོ་སོས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་མ་ལག་འཛུགས་པའི་དགེ་མཚན་ཐད་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ངོས་འཛིན་གནང་སྟེ་སྲིད་ཇུས་འདི་ལག་བསྟར་གང་ལེགས་བྱེད་དགོས་ཤིང་།  མུ་མཐུད་དུ་རྩྭ་ཐང་ཐོན་སྐྱེད་ཞབས་ཞུ་མ་ལག་འཛུགས་སྐྲུན་གྱི་བཅོས་བསྒྱུར་བྱ་བ་ཇེ་མགྱོགས་སུ་གཏོང་བ་དང་།  དབུལ་ཐར་ཕྱུག་འགྱུར་ཡོང་བ་དམིགས་སུ་བཟུང་སྟེ་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་མཐོ་རུ་འདེགས་པ།  ཐོན་ལས་ཀྱིས་ཡར་འདེགས་བྱེད་པ་རྨང་གཞི་རུ་བཟུང་སྟེ་སྐྱེ་ཁམས་སྲུང་སྐྱོབ་འདི་ཉིད་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོར་བསམ་པ།  རྩྭ་ཐང་སྐྱེ་ཁམས་ཁ་གསབ་རོགས་དངུལ་མ་ལག་སྲིད་ཇུས་ཁྱབ་སྒྲོག་དང་སློབ་གསོ་གཏོང་བའི་ཐབས་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་ཀྱི་རང་འགུལ་རང་བཞིན་ལ་སྐུལ་སློང་སྒོས་སྲིད་ཇུས་འདིའི་དགེ་མཚན་ཆེན་པོ་རྟོགས་སུ་འཇུག་པ།  འབྲོག་ཁུལ་འབྱོར་འབྲིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྲིད་ཇུས་ཀྱི་རྨང་འདེང་བ་དང་།  འདི་ལྟ་བུའི་དམངས་ལ་ཕན་པའི་སྲིད་ཇུས་ཀྱིས་རྒྱ་ཆེ་བའི་མི་དམངས་མང་ཚོགས་རྣམས་ཀྱིས་སྔར་ལས་ལྷག་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་ཁག་ཐག་བྱེད་དགོས་པ་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།