ཧུང་ཡོན་གྱིས་དམངས་སྲོལ་རིག་གནས་བརྒྱུད་སྤྲོད་དར་སྤེལ་བྱ་འགུལ་སྤེལ།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-15 11:10:00 ཀློག་གྲངས།:


རྨེ་བའི་སྐོར་བྲོ་འཁྲབ་པ།

           གཏིང་ཟབ་ཅིང་ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིག་གནས་དར་རྒྱས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་འབྱུང་ཆེད། ཧུང་ཡོན་རྫོང་གིས་རིག་གནས་ལས་དོན་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱས་ཏེ། ཧུར་བརྩོན་གྱིས་ཉག་ཕྲ་ཞིང་ཉམས་ཉེན་ཆེ་བའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།
          ཉེ་ཆར། ཧུང་ཡོན་རྫོང་སྦྲ་ཆེན་ཡུལ་ཚོས་ལོ་ན་བགྲེས་པའི་རྨེ་བའི་སྐོར་བྲོ་འཁྲབ་ཤེས་མཁན་རྣམས་རྩ་འཛུགས་བྱས་ཏེ། ལོ་རྒྱུས་རིང་ཞིང་དམངས་སྲོལ་རིག་གནས་ཀྱི་ཉིང་བཅུད་འདུས་པ་དང་ཧུང་ཡོན་གྱི་ཐུན་མོང་མིན་པའི་དམངས་སྲོལ་རིག་གནས་ཁྱད་ཆོས་སུ་གྱུར་བའི་རྨེ་བའི་སྐོར་བྲོ་དེ་ན་གཞོན་རྣམས་ལ་བརྒྱུད་སྤྲོད་དང་ཁྲིད་སྟོན་བྱེད་པའི་བྱ་འགུལ་སྤེལ་བ་རེད།
          བྱ་འགུལ་འདི་སྤེལ་བ་བརྒྱུད་དེ། གཅིག་ནས་རྩ་ཆེའི་དམངས་སྲོལ་རིག་གནས་བརྒྱུད་སྤྲོད་དར་སྤེལ་བྱེད་ཐུབ་པ་དང་། གཉིས་ནས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པར་གཏོང་ཐུབ་པ། གསུམ་ནས་ན་ཆུང་གཞོན་ནུ་རྣམས་ལ་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་ཉིང་བཅུད་ཉམས་སུ་མྱོང་བའི་གོ་སྐབས་ཐོབ་པ་བཅས་ཀྱི་དགེ་མཚན་ཆེན་པོ་ལྡན་པ་རེད།
      
 



འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།