ངོས་དང་པོ > སྐབས་དོན། > སྣ་ཚོགས། > གསེར་ཆེན་རྫོང་ལ་བོད་མི་རིགས་ཀྱི“ལ་གཞས”ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ།
གསེར་ཆེན་རྫོང་ལ་བོད་མི་རིགས་ཀྱི“ལ་གཞས”ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-12-18 11:35:00
ཀློག་གྲངས།:
ཉེ་སྔོན། རིག་གནས་པུའུ་ཡིས་མཚན་གསོལ་བའི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”528ཁྲོད་དུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་དེའི་ནང་དུ་བདམས་ནས་བོད་མི་རིགས་ཀྱི“ལ་གཞས”ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་རེད།
“ལ་གཞས”ནི་མདོ་དབུས་མཐོ་སྒང་དུ་གཞི་ཆགས་པའི་བོད་རིགས་བུ་བུ་མོའི་བརྩེ་བ་བརྗོད་པ་དང་ནམ་རྒྱུན་གྱི་འཚོ་བའི་དཔེ་རིས་མཚོན་བྱེད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་རེད། གསེར་ཆེན་རྫོང་དུ་ལ་གཞས་རིག་གནས་རྒྱུན་འཛིན་བྱེད་པའི་ལོ་རྒྱུས་ཀྱི་བྱུང་བ་ཧ་ཅང་རིང་ཞིང་རྫོངས་སྟུག་ལ། ས་ཁྱབ་རྡོ་བརྡལ་དུ་གྱུར་བའི་རྟགས་མཚན་དོད་པོ་ལྡན་པའི་རིག་གནས་གྲས་ཤིག་ཡིན། 2006ལོར་བོད་མི་རིགས་ཀྱི“ལ་གཞས”དེ་འདེམ་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་བདམས་ཤིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་གཟུགས་འདས་ཤུལ་བཞག་རིག་གནས་ཏེ“ལ་གཞས”སྲུང་སྐྱོབ་ལས་གཞིའི་ལག་བསྟར་ལས་ཁུངས་དང་། གསེར་ཆེན་རྫོང་དེ་ལག་བསྟར་བྱེད་གནས་གཙོ་བོར་གཏན་ཁེལ་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།