ཁཱ་མེར་རོང་གསར་འགྱུར་སྨྱན་བྱད་མི་སྣ་སྐོར་ཞིག་ཡོངས་འཛིན་འཚོལ་བཤེར་ལ་རྟོག་ཞིབ་ཏུ་ཕེབས།
ཁཱ་མེར་རོང་གསར་འགྱུར་སྨྱན་བྱད་མི་སྣ་སྐོར་ཞིག་ཡོངས་འཛིན་འཚོལ་བཤེར་ལ་རྟོག་ཞིབ་ཏུ་ཕེབས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཁྲིད་སྟོན་དང་། ཀྲུང་གོའི་ཕྱི་ཡིག་ཅུའུ་སློབ་གསོ་གསོ་སྦྱོང་ལྟེ་གནས་ཀྱིས་འགན་སྒྲུབ་གནང་བའི2018ལོའི་ཁཱ་མེར་རོང་གསར་འགྱུར་སྨྱན་བྱད་འགན་ཁུར་བའི་ཟབ་སྦྱོང་འཛིན་གྲྭའི་མི་སྐོར་ཞིག་པེ་ཅིང་དུ་གཟའ་འཁོར་གཉིས་ཀྱི་བཅར་འདྲི་གནང་རྗེས་མཚོ་སྔོན་ཞིང་ཆེན་དུ་ཕེབས་ཤིང་། ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ། མཚོ་ལྷོ་ཁུལ་བཅས་ཀྱི་གསར་འགྱུར་བྱ་བ་དང་སྐྱེ་ཁམས་དཔལ་ཡོན། མི་རིགས་མཐུན་སྒྲིལ། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་སོགས་བརྗོད་དོན་ཐད་གཟའ་འཁོར་གཅིག་གི་རྟོག་ཞིབ་འབྲེལ་འདྲིས་གནང་།
ཁཱ་མེར་རོང་གསར་འགྱུར་སྨྱན་བྱད་མི་སྣ་སྐོར་ཞིག་ཡོངས་འཛིན་འཚོལ་བཤེར་ལ་རྟོག་ཞིབ་ཏུ་ཕེབས།
སྤྱི་ཟླ8པའི་ཚེས5ཉིན་གྱི་སྔ་དྲོར། ཁཱ་མེར་རོང་ཟབ་སྦྱོང་འཛིན་གྲྭའི་མི་སྐོར་དང་བཅས་པས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་།
ཁཱ་མེར་རོང་ཟབ་སྦྱོང་འཛིན་གྲྭའི་མི་སྐོར་དང་བཅས་པས་ཆ་འཕྲིན་ལྟེ་གནས་ཀྱི་རྩོམ་སྒྲིག་སྡེ་ཁག་དང་། གཞི་གྲངས་ལྟེ་གནས། བོད་ཡིག་དཔེ་མཛོད་ཁང་སོགས་སུ་གཟིགས་ཞིབ་གནང་བ་མ་ཟད། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དང་མཚོ་སྔོན་པོ་དྲ་བའི་འཛུགས་སྐྲུན་འཕེལ་རྒྱས་ཐད་ཀྱི་མཚམས་སྦྱོར་ལ་གསན་པ་དང་། གཏིང་ཟབ་སྒོས་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་ཆ་འཕྲིན་ཅན་འཛུགས་སྐྲུན་གནས་ཚུལ་དང་ཡོངས་འཛིན་འཚོལ་བཤེར་གྱི་སྤྱོད་ནུས་དང་ཁྱད་ཆོས་ལ་རྒྱུས་ལོན་བྱས།
ཁཱ་མེར་རོང་གསར་འགྱུར་སྡེ་ཁག་གི་འགོ་ཁྲིད་ཁྲ་ཨར་སི།(དབུས)
ཁཱ་མེར་རོང་གསར་འགྱུར་སྡེ་ཁག་གི་འགོ་ཁྲིད་ཁྲ་ཨར་སི་ཡིས་བསྟན་དོན། ཐེངས་འདིར་མཚོ་སྔོན་གྱི་ས་གནས་སོ་སོར་ཡུལ་དངོས་བཅར་འདྲི་བྱས་ཏེ་སློབ་མ་རྣམས་ལ་ཤུགས་རྐྱེན་དང་མཛའ་བརྩེ་ཟབ་མོ་བཞག་པ་དང་། ཀྲུང་གོར་རྒྱུས་ལོན་དང་ངོས་འཛིན་གཏིང་ཟབ་བྱུང་བ་མ་ཟད། ཕྱོགས་གཉིས་གས་སྨྱན་བྱད་ཁྱབ་ཁོངས་སུ་འབྲེལ་འདྲིས་ལ་ཤུགས་སྣོན་དང་། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ལ་སྐུལ་འདེད་གཏོང་བར་རེ་ཞུ་གནང་། དེ་མིན་ཡོངས་འཛིན་འཚོལ་བཤེར་ལ་ཁས་ལེན་དང་གདེང་འཇོག་ལེགས་པོ་གནང་ཞིང་། ཡོངས་འཛིན་བདེ་བླག་ངང་ཞིབ་འཇུག་དང་དར་སྤེལ་དུ་བཏང་བ་ནི་ཀྲུང་གོའི་གསར་གཏོད་ཅིག་ཏུ་བསམ་ལ། གྲངས་ཉུང་མི་རིགས་ཀྱི་རིག་གནས་མཐུན་སྦྱོར་དང་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་བསྟན།
མཉམ་པར།
ཁཱ་མེར་རོང་དང་མཚོ་སྔོན་གཉིས་བར་ཐག་ཤིན་ཏུ་རིང་ནའང་། ཁཱ་མེར་རོང་གི་རྒྱལ་ས་ཕལ་ཆེ་བ་ནི་མཐོ་སྒང་ས་ཁུལ་དུ་གཏོགས་པ་དང་། དབུལ་སྐྱོར་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཐད་ནས་མཚོ་སྔོན་དང་འདྲ་ས་མང་པོ་འདུག ཁོང་ཚོ་ཐེངས་འདིར་མཚོ་སྔོན་དུ་ཕེབས་པ་ནི་མཚོ་སྔོན་ལ་རྒྱུས་ལོན་དང་། ཕྱོགས་གཉི་གའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད། སྔར་ལས་ལྷག་པར་ཀྲུང་ཧྥེ་མི་དམངས་ནི་སྤུན་གྲོགས་ལེགས་པོ་ཡིན་པའི་ཤུགས་རྐྱེན་བཟང་བོ་གཏིང་ཟབ་ཏུ་གཏོང་བར་ཕན་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།