བོད་རིགས་གླུ་མ་དབང་མོས་ཆེད་བསྒྲིགས་གསར་བར་འབད་ཀྱིན་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-31 11:29:00 ཀློག་གྲངས།:


དབང་མོས་གླུ་གཞས་སྒྲ་ཕབ་བཞིན་པ།

          ཉེ་ཆར།  2009ལོར《སྐར་མའི་རྒྱུད་ལམ》ཁྲོད་ཨང་དང་པོ་ཐོབ་མཁན་གྱི་མཐོ་སྒང་བོད་རིགས་གླུ་མ་དབང་མོས་ཆེད་བསྒྲིགས་གླུ་གཞས་གཉིས་པར་བརྩོན་བཞིན་ཡོད་ཅིང་།  ཁོ་མོའི་དགེ་རྒན་གཡང་དྲུང་རྒྱལ་དངོས་སུ་ཆེད་བསྒྲིགས་འདིའི་བཟོ་འགོད་ནང་ཞུགས་ནས་གླུ་གཞས་རེ་རེར་གཟབ་ནན་གྱིས་ཉན་ནས་ཁོང་གི་བསམ་འཆར་ལེགས་པོ་བཏོན།
          ན་ནིང་གི་ཆེད་བསྒྲིགས《ཡིད་འཇགས》ཞེས་པ་ཁྱབ་སྤེལ་བྱས་རྗེས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་ནང་ཁུལ་གྱི་ལས་རིགས་མི་སྣ་རྣམས་ཀྱིས་གདེང་འཇོག་ཆེན་པོ་བྱས་ཤིང་།  ཐེངས་འདིའི་ཆེད་བསྒྲིགས་གླུ་གཞས་གཉིས་པས་མཚོ་བོད་མཐོ་སྒང་གི་དུས་རབས་གསར་བའི་བརྗོད་དོན་རྒྱུན་འཁྱོངས་སྒོས་བོད་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དྲིལ་བསྒྲགས་བྱེད་པ་དང་།  བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་དེང་རབས་གླུ་གཞས་ཟུང་འབྲེལ་གྱི་ལམ་བུ་སྙེགས་བཞིན་གླུ་གཞས་ལ་དུངས་བའི་མི་རྣམས་ལ་ལེགས་སྐྱེས་གསར་བ་ཞིག་ཕུལ་རྒྱུ་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།