དཀར་མཛེས་རྫོང་དུ་མེ་ཏོག་འགྲེམ་སྟོན་དང་གུས་སྲོལ་འགྲེམ་སྟོན་བྱེད་སྒོ་སྤེལ།
སྤྱི་ཟླ8པའི་ཚེས5ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་འདམ་རའི་སྤྱི་གླིང་དུ་སྐབས་གཉིས་པའི“གནས་མཆོག་དཀར་མཛེས། གསེར་མདོག་གི་སྟོན་འབྲས”ཞེས་པའི་བརྗོད་དོན་གཙོ་བོའི་མེ་ཏོག་འགྲེམ་སྟོན་དང་རྒྱན་གོས་འགྲེམ་སྟོན་བྱེད་སྒོ་སྤེལ་བ་རེད།
རྫོང་དེ་གའི་མེ་ཏོག་མེ་ཏོག་ལ་དགའ་མོས་ཡོད་མཁན་དག་གིས་རང་ཉིད་ཀྱིས་ཞིབ་ཚགས་སྒོས་གསོས་པའི་མེ་ཏོག་འགྲེམས་ཚོགས་སྟེང་ཁྱེར་ཡོང་ནས་འགྲན་བསྡུར་ལ་ཞུགས་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་མེ་ཏོག་ཕོན་པོ2000ལྷག་ཙམ་གྱིས་མང་ཚོགས་ཀྱི“བདེ་སྐྱིད་ལྡན་པའི་འཚོ་བ”གླེང་ཞིང་། ལྟད་མོ་བ་དག་གི་ཡིད་དབང་བཀུག་ནས་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་བླངས་ནས་པར་རྒྱག་གི་ཡོད་པ་དང་། ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་ཚོགས་ཀྱིས་སོ་སོའི་ཉམས་འགྱུར་ལས་དབྱར་གཞུང་གི་མཛེས་སྡུག་ལྡན་པའི་རྣམ་པ་ཀུན་ནས་མངོན་ཡོད་པ་རེད།
དཀར་མཛེས་རྫོང་མགར་ར་ཤང་ཙུང་དཀར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དཔལ་འབྱོར་རྒྱལ་མཚན་གྱིས་མེ་ཏོག་ཕོན་པོ6ཁྱེར་ཏེ་འགྲན་བསྡུར་ལ་ཞུགས་ཡོད་ཅིང་། “ཚང་མ་ནི་མེ་ཏོག་གསོ་བར་དགའ་བོ་ཡོད་པས། ངེད་ཚང་གིས་ཀྱང་མེ་ཏོག་ཕོན་པོ30ལྷག་ཙམ་གསོས་ནས་རང་ཁྱིམ་མཛེས་བར་བཀོད་ཡོད་པས་སེམས་ཁམས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད་ལ། ཁོའི་འཁྲིས་ཀྱི་དཔག་བསམ་ལྷ་མོས་སྐད་ཆར་མཐུད་ནས“སྔོན་ཆད་ཁང་པའི་ནང་ཤིན་ཏུ་འཁྱགས་པས་མེ་ཏོག་གསོ་ཐབས་བྲལ་ལ། ད་ལྟ་དེ་སྔོན་ལས་ཆ་རྐྱེན་ལེགས་སུ་ཕྱིན་ནས་སྡོད་ཁང་ཧ་ཅང་དྲོན་པོ་ཡིན་ཏེ། སྒེའུ་ཁུང་དྲོད་སྲུང་ལེགས་ལ་དང་ཉི་འོད་ཀྱང་ཤིན་ཏུ་དྲོན་པོ་འདུག་པས། ང་རང་གིས་རང་ཉིད་དགའ་སའི་མེ་ཏོག་མང་པོ་གསོས་ཡོད”ཅེས་ཟེར།
ཀུན་གྱིས་མེ་ཏོག་ལ་རོལ་མྱོང་བྱེད་པའི་དུས་མཚུངས་སུ་བོད་རིགས་ཀྱི་རྒྱན་གོས་གུས་སྲོལ་འགྲེམས་སྟོན་ཡང་དུས་མཉམ་དུ་སྤེལ་ཏེ་ལྟད་མོ་བ་ཚོར་གཞན་དང་མི་འདྲ་བ་ཞིག་གི་མཐོང་ཚོར་གྱི་གསོལ་སྟོན་གཟབ་རྒྱས་བཤམས་པ་རེད། རྒྱན་གོས་ངོམ་སྟོན་ཐད་དཀར་མཛེས་རྫོང་དེའི་ས་ཁོངས་ཀྱི་ཁྱད་ཆོས་དང་རིག་གནས་ཐུན་མིན་རྣམ་པ་འབུར་དུ་ཐོན་ཡོད་ཅིང་། སོ་སོའི་འཐུས་མི་རུ་ཁག་གིས་ལུས་ལ་དང་དོད་ཆེ་བའི་རྒྱན་གོས་གྱོན་ཡོད་པ་མ་ཟད་དེ་དག་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ཞིང་། གྱོན་གོས་ཁ་ཤས་སྟེང་མཛེས་སྡུག་ལྡན་པའི་ཁ་དོག་སྣ་ཚོགས་སྡེབ་སྦྱོར་བྱས་ཡོད་ཅིང་། དེ་ལས་ཁ་ཤས་ལ་རྙོག་འཛིང་ཆེ་བའི་རི་མོ་བཀོད་ཡོད་པ། ཁ་ཤས་ཀྱིས་གསེར་དངུལ་གྱི་རྒྱན་ཆ་སྡེབ་སྒྲིག་བྱེད་པར་དོ་སྣང་བྱས་ཡོད་ལ་རིན་ཆེན་ནོར་བུ་སྡེབ་སྟངས་ལའང་དང་དོད་ཆེན་པོ་གནང་ཡོད་པས། རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ཅིང་བརྗིད་ཆགས་ཉམས་དགའི་མི་རིགས་ཀྱི་གྱོན་ཆས་ནི་ཚང་མ་གཅིག་རྗེས་གཉིས་མཐུད་དུལག་ནང་གི་པར་ཆས་དང་ལག་ཁྱེར་ཁ་པར་གདབ་ཡོད་ལ། སྐུ་མགྲོན་ལ་ལ་ཞིག་གིས་འགྲེམས་སྟོན་མཇུག་རྫོགས་རྗེས། ད་དུང་ཆེད་དུ་གོས་རྒྱན་འཁྲབ་སྟོན་མི་སྣ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་རིགས་ཀྱི་གྱོན་ཆས་རིག་གནས་ལའང་དེ་བཞིན་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་ལ་ཐུན་མིན་ཁྱད་ཆོས་ལྡན་ལ། ཀོང་ཤིས་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཐན་ལགས་ཀྱིས་གསུངས་པ་ལྟར་ན“འདི་ནི་ངེད་ཀྱིས་བོད་མི་རིགས་གྱོན་ཆས་ལ་ཐག་ཉེ་ས་ནས་སྤྱན་གཟིགས་གནང་ཐེངས་ཐོག་མ་ཡིན་ལ། གོ མི་རིགས་ཀྱི་རྒྱན་གོས་ངོམ་སྟོན་ཀྱིས་མི་རྣམས་ཀྱི་ཡིད་དབང་རྦད་དེ་བཀུག་ཅིང་། དཀར་མཛེས་ཀྱི་གནའ་ཉམས་དང་རང་བྱུང་གི་མི་རིགས་རིག་གནས་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གྱོན་ཆས་བཅས་ཀྱིས་ས་ཁོངས་འདིའི་ཐུན་མིན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་རིག་གནས་ཀྱི་གཏིང་མཐུག་པོ་འགྲེམས་སྟོན་བྱས་པ་ཡོད་པས་ངས་ཡིད་དབང་ཤིན་ཏུ་བཀུག་སོང”ཟེར།
ཉིན་དེར། ལུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་བོད་ལྭ་གྱོན་པའི་འཁྲབ་སྟོན་མཁན་པ་དག་མེ་ཏོག་གི་བཀྲག་མདངས་ཁྲོད་ཡུལ་སྐོར་བ་དང་མཉམ་དུ་འཛོམས་ཏེ་མཛེས་ལྗོངས་མྱོང་རོལ་དང་ཞབས་ཞུ་གནང་ཐོག་བོད་རིགས་ཀྱི་གུས་སྲོལ་རིག་གནས་རྒྱུན་འཛིན་དང་། བོད་མི་རིགས་ཀྱི་རྒྱན་གོས་རིག་གནས་བརྒྱུད་སྤེལ་གནང་བཞིན་རང་ཉམས་ལྡན་པའི་མི་རིགས་ཀྱི་ཉམས་སྣང་ཁྲོད་དགྱེས་འདུག
སྔོ་ཞིང་དྭངས་པའི་ནམ་མཁའོ་འོགཚང་མའི་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡུལ་དངོས་བཀྲག་མདངས་རྣམ་པར་འཚེར་བའི་མེ་ཏོག་ཚོམ་བུའི་ངོགས་སུ། སྔར་ལས་མཛེས་སྡུག་ལྡན་ཞིང་བདེ་སྐྱིད་ནི་མེ་ཏོག་ནང་བཞིན་རྣམ་པར་བཀྲ་འདུག རྒྱུས་ལོན་བྱུང་པ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོར་ཆེད་དུ་ཞིང་ལས་ཆེད་མཁས་དང་ཉམས་མྱོང་ལྡན་པའི་མེ་ཏོག་འདེབས་འཛུགས་མཁན་གདན་འདྲེན་ཞུས་ནས་འགྲན་ཞུགས་ལ་དཔྱད་བསྡུར་གནང་ཡོད་པ་དང་། མཇུག་མཐར་གསེར་གྱི་བྱ་དགའ་ཐོབ་མཁན20དང་། དངུལ་གྱི་བྱ་དགའ་ཐོབ་མཁན30། ཟངས་ཀྱི་བྱ་དགའ་ཐོབ་མཁན60། སྒྲིག་འཛུགས་བྱ་དགའ1བཅས་དཔྱད་འདེམས་བྱུང་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།