མཚོ་ལྷོ་ཁུལ་སྐབས་དང་པོའི་མང་ཚོགས་རིག་གནས་ལས་སྒྲུབ་ལས་རིགས་ཀྱི་ནུས་རྩལ་འགྲན་བསྡུར།
བྲག་དཀར་རྫོང་ནི་རེ་བས་ཁེངས་བའི་ས་ཆ་ཞིག་ཡིན་པ་ཞེས་པའི་འགོ་རྩོམ་གླུ་གཞས།
ཟླ1པོའི་ཚེས6ཉིན། མཚོ་ལྷོ་ཁུལ་སྐབས་དང་པོའི་མང་ཚོགས་རིག་གནས་ལས་སྒྲུབ་ལས་རིགས་ཀྱི་ནུས་རྩལ་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མཚོ་སྔོན་པོ་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་ཞིང་། འདི་ནི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུས་གཙོ་སྒྲུབ་དང་། རྫོང་སོ་སོའི་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་རོགས་སྒྲུབ། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུང་གནང་བ་ཡིན་ལ། རྫོང་སོ་སོའི་རིག་གནས་ཅུའུ་རྣམས་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པ་རེད།
བྲག་དཀར་རྫོང་རིག་གནས་ཅུའུ་ལ་དགའ་རྟགས་ཨང་དང་པོ་ཐོབ་པ།
མཚོ་ལྷོ་ཁུལ་སྐབས་དང་པོའི་མང་ཚོགས་རིག་གནས་ལས་སྒྲུབ་ལས་རིགས་ཀྱི་ནུས་རྩལ་འགྲན་བསྡུར་ནི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུས་ཁུལ་ཡོངས་ཀྱི་རྫོང་ལྔའི་མང་ཚོགས་རིག་གནས་ལས་སྒྲུབ་པ་རྣམས་ལ་རང་ཉིད་ཀྱི་སྒྱུ་རྩལ་མཐོར་འདེགས་གཏོང་བར་གར་སྟེགས་བསྐྲུན་པ་ཞིག་ཡིན་ཏེ། བྱ་འགུལ་འདིའི་རིགས་བརྒྱུད་དེ་རྫོང་ལྔའི་མང་ཚོགས་རིག་གནས་ལས་སྒྲུབ་པའི་ལས་རིགས་ནུས་རྩལ་གོང་འཕེལ་དང་། རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ། དེ་མིན་མང་ཚོགས་རིག་གནས་ལས་སྒྲུབ་པ་རྣམས་སྤྱི་བའི་རིག་གནས་ཞབས་ཞུ་ཁྲོད་འོས་འཚམ་གྱིས་ནུས་བ་འདོན་སྤེལ་བྱེད་པར་སྐུལ་སློང་སྒོས་ཁུལ་ཡོངས་ཀྱི་མང་ཚོགས་རིག་གནས་ལས་རིགས་ཕུན་སུམ་ཇེ་ཚོགས་ངང་འཕེལ་རྒྱས་བྱེད་པར་ཡར་སྐུལ་བྱེད་པ་རེད།
དཔྱད་འདེམས་པ་རྣམ་པའི་ཟུར་ཞིག
མི་སྣའི་རུ་ཁག་འཛུགས་སྐྲུན་བྱེད་པ་ནི་མཚོ་ལྷོ་ཁུལ་གྱི་ལས་རིགས་སོ་སོའི་འཕེལ་འགྲིབ་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། ནུས་ཡོད་ཀྱིས་བསམ་བློའི་གོ་རྟོགས་ཅུང་མཐོ་བའི་ནུས་རྩལ་མི་སྣའི་རུ་ཁག་འཛུགས་སྐྲུན་བྱེད་རྒྱུ་ནི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའི་ཏང་རྩ་འཛུགས་ཀྱི་དགོངས་དོན་ཁ་ཕྱོགས་ངེས་ཅན་ཞིག་ཡིན་པ་དང་། མིག་སྔར་ཁུལ་ཡོངས་ཀྱི་རིག་གནས་ཤེས་ཡོན་པའི་རུ་ཁག་འཛུགས་སྐྲུན་གྱི་ཕྱོགས་ཡོངས་གནས་ཚུལ་ལ་གཞིག་ན། རིག་གནས་ནུས་རྩལ་དང་ཤེས་ཡོན་མི་སྣ་གང་ཡིན་རུང་རིག་གནས་མགྱོགས་མྱུར་ངང་འཕེལ་རྒྱས་བྱེད་པ་དང་མང་ཚོགས་རིག་གནས་ཤེས་ཡོན་པའི་རུ་ཁག་འཛུགས་སྐྲུན་གྱི་ཐད་ལ་ད་དུང་ཞན་ཆ་ལྡན་ཞིང་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་པར་སྣང་། མཚོ་ལྷོ་ཁུལ་སྐབས་དང་པོའི་མང་ཚོགས་རིག་གནས་ལས་སྒྲུབ་ལས་རིགས་ཀྱི་ནུས་རྩལ་འགྲན་བསྡུར་འདི་ནི་རྒྱ་ཆེ་བའི་མང་ཚོགས་ལ་རྫོང་སོ་སོའི་མང་ཚོགས་རིག་གནས་ལས་བྱེད་པའི་ནུས་རྩལ་མངོན་པ་དང་། ནུས་རྩལ་གྱི་བྱ་བའི་ཕན་འབྲས་མཐོར་འདེགས་གཏོང་བ་དམིགས་སུ་བཟུང་ནས། ཁུལ་ཡོངས་ཀྱི་རིག་གནས་སྒྱུ་རྩལ་ལས་སྒྲུབ་པ་རྣམས་རང་ཉིད་ཀྱི་ལས་གནས་ལ་དགའ་ཞིང་དུངས་བ་དང་རང་གི་ལས་རིགས་ལ་བརྩོན་སེམས་བསྐྱེད་ཅིང་ཅུང་ལེགས་པའི་རིག་གནས་ཀྱི་ཁ་དབུགས་ཆགས་སུ་འཇུག་པ་དེ་ཡིན།
མང་རྫོང་རིག་གནས་ཅུའུ་ལ་ཨང་གཉིས་པ་ཐོབ་པ།
ཐེངས་འདིའི་འགྲན་ཞུགས་པ་རྣམས་ནན་ཏན་སྒོས་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་བསྡུར་གྱི་མཇུག་འབྲས་ལ་གཞིག་སྟེ་རྗེས་ཕྱོགས་མུ་མཐུད་དུ་ཞན་ཆ་ལེགས་བཅོས་དང་མཉམ་དུ་གོང་འཕེལ་སྒོས་ཁུལ་ཡོངས་སུ་མང་ཚོགས་རིག་གནས་ལས་སྒྲུབ་པ་རྣམས་ཀྱིས་ལག་རྩལ་སྦྱོང་བ་དང་། ནང་སེམས་ཀྱི་སྟོབས་ཤུགས་བསྐྱེད་པ། མི་གཤིས་ལེགས་པོའི་ཁ་དབུགས་ཆགས་པར་ཤུགས་བསྣོན་གྱི་ཡོད། དཔྱད་འདེམས་པ་རྣམས་ཀྱིས་འགྲན་བསྡུར་ཉིན་གསུམ་རིང་ཞིབ་ཕྲའི་སྒོ་ནས་སྐར་གྲངས་ཚད་གཞི་ལྟར་དཔྱད་འདེམས་བྱས་ཏེ་ཚེས8ཉིན་ཐེངས་འདིའི་འགྲན་བསྡུར་ལ་ཕྱོགས་རིས་མེད་ཅིང་དྲང་བདེན་གྱི་འབྲས་བུ་བྱུང་ཡོད་པ་སྟེ། བྲག་དཀར་རྫོང་རིག་གནས་ཅུའུ་ལ་དགའ་རྟགས་ཨང་དང་པོ་དང་། མང་རྫོང་རིག་གནས་ཅུའུ་ལ་ཨང་གཉིས་པ། གསེར་ཆེན་རྫོང་རིག་གནས་ཅུའུ་ལ་ཨང་གསུམ་བཅས་ཐོབ་པ་དང་། དེ་མིན་ཐེངས་འདིར་ཕུལ་བྱུང་དགའ་རྟགས2ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com