ཨ་རུ་བོད་སྨན་སྡེ་ཚོགས་ཀྱིས2011ལོའི་ལས་འཛིན་ལྷན་ཚོགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-11 10:59:00 ཀློག་གྲངས།:


ཚོགས་ཡུལ་དངོས།

          2012ལོའི་ཟླ1པོའི་ཚེས6ཉིན།  ཨ་རུ་བོད་སྨན་སྡེ་ཚོགས་ཀྱིས2011ལོའི་ལས་འཛིན་ཚོགས་འདུ་ཚོགས་ཤིང་། དེར《2011ལོའི་བྱ་བའི་སྤྱི་བསྡོམས་དང2012ལོའི་བྱ་བའི་བཀོད་སྒྲིག》དང《2011ལོའི་དངུལ་ནོར་རྩིས་ཞིབ་དང2012ལོའི་ནོར་སྲིད་སྔོན་རྩིས》ཀྱི་བྱ་བའི་སྙན་ཞུ་སྤེལ།   ལས་འཛིན་འགོ་གཙོ་ཨེ་ཚོགས་ཆེན་གྱིས་ཚོགས་འདུ་ལ་མདོ་འཛིན་མཛད་དེ་གཏམ་བཤད་གལ་ཆེན་གནང་།
          ཁོས་བཤད་རྒྱུར།  2011ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གཉིས་ཀྱི་འགོ་རྩོམ་པའི་ལོ་ཞིག་ཡིན་ཞིང་། ཨ་རུ་བོད་སྨན་སྡེ་ཚོགས་ཀྱིས་མཐུན་རྐྱེན་ལེགས་པོ་རྣམས་གང་ལེགས་སྒོས་བེད་སྤྱད་དེ་བོད་སྨན་གསོ་བཅོས་དང་།  བོད་སྨན་ཚན་ཞིབ།  བོད་སྨན་ཐོན་ལས། བོད་ཀྱི་གསོ་ལུགས་རིག་གནས།  བོད་ཀྱི་གསོ་ལུགས་སློབ་གསོ་སོགས་ཀྱི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་།  ཕྱོགས་བསྡུས་ནུས་ཤུགས་དང་འགྲན་རྩོད་བྱེད་ཤུགས་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་པ་བསྟན།
          དེ་མིན་ཁོས2012ལོའི་བྱ་བར་དགོངས་ཚུལ་འགའ་བཏོན་པ་སྟེ། གཅིག་ནས་ཚན་ཞིབ་ཀྱི་ཐད་ནས་གཙོ་ཆེར“རྒྱལ་ཁབ་ཀྱི་བོད་ལུགས་སྨན་རྫས་ཐོན་ལས་གསར་གཏོད་ལག་རྩལ་ཞབས་ཞུའི་སྟེགས་བུ”ཞེས་པའི་ལས་གཞིའི་སྟ་གོན་དང་མཐུན་སྦྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་མགྱོགས་མྱུར་ངང་ལས་གཞི་འགོ་རྩོམ་དགོས་ལ། 《བོད་ཀྱི་གསོ་རིག་ཚིག་མཛོད》དང《བོད་ཀྱི་གསོ་ལུགས་རྒྱུད་བཞིའི་ཐང་གའི་གསལ་འགྲེལ》(བོད་ཡིག་པར་གཞི)གྱི་པར་སྐྲུན་འགྲེམ་སྤེལ་དང་ཕྱི་ཕྱོགས་དྲིལ་སྒྲོག་གི་བྱ་བ་ལེགས་པོར་བསྒྲུབ་དགོས་པ།  གཉིས་ནས་རིག་གནས་ཀྱི་ཐད་ནས་དངོས་མང་བཤམས་སྟོན་ཁང་གི་དུས་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་ནན་གྱིས་སྒྲུབ་པ་དང་།  རྒྱལ་ཁབ་རིམ་པའི་མཚོ་བོད་རིག་གནས་ཐོན་ལས་གླིང་སྐྲུན་དགོས་པ།  གསུམ་ནས་གསོ་རིག་ཐད་ནས་གསོ་བཅོས་ཞབས་ཞུ་སྤུས་ཚད་མཐོར་འདེགས་བྱེད་པ་དང་། ནུས་ཡོད་སྒོས་ཆེད་ལས་ཚན་ཞིབ་ཐོག་ཁང་དང་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་བཀོལ་སྤྱོད་བྱེད་ཐུབ་པར་བརྩོན་དགོས་ཤིང་།  བོད་ཀྱི་གསོ་ལུགས་ཁྱད་ཆོས་མངོན་པ། བཞི་ནས་སློབ་གསོའི་ཐད་ནས་དངོས་གཞིའི་ནད་གཡོག་ཆེད་ལས་དང་།  བོད་ཀྲུང་གསོ་རིག་ཚན་ཁག་ཡོངས་ཀྱི་ཆེད་ལས་མི་སྣ་བསྡུ་ལེན་བྱས་པ་བརྒྱུད་དེ།  བོད་ཀྱི་གསོ་ལུགས་སློབ་གླིང་དང་ཨ་རུའི་ཚོགས་ཁག་གི་ཐོན་ཁུངས་སྙོམས་སྒྲིག་བྱ་བ་ལེགས་པོར་སྒྲུབ་དགོས།   
          མཐར་ཁོང་གིས་འབྲེལ་ཡོད་ལས་ཁུངས་སོ་སོས་མི་སྣ་གསོ་སྐྱོང་དང་མི་སྣ་བསྡུ་ལེན་བྱ་བར་མཐོང་ཆེན་གནང་བ་དང་།  ཤེས་ཡོན་མི་སྣའི་རུ་ཁག་འཛུགས་སྐྲུན་བྱེད་པ་ནི་ཨ་རུ་བོད་སྨན་སྡེ་ཚོགས་ཀྱི་བྱ་བ་མགྱོགས་མྱུར་དང་མཐུན་སྦྱོར། བསྟུད་མར་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཡིན་པར་དགོངས་ཤིང་།  རྒྱལ་སྤྱིའི་རིག་གཞུང་འབྲེལ་འདྲིས་བྱ་བར་ཤུགས་སྣོན་པ་དང་རྒྱལ་སྤྱིའི་སྟེང་བོད་ཀྱི་གསོ་རིག་གི་མཚན་སྙན་མཐོར་འདེགས་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།