མཚོ་ལྷོ་ཁུལ་གྱི་སྐབས་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་བོད་ཀྱི་བཙིར་འགྱིག་འགྲན་བསྡུར་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-08 11:02:00 ཀློག་གྲངས།:

     སྤྱི་ཟླ8པའི་ཚེས1ནས་ཚེས3བར། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་གནང་བའི་མཚོ་ལྷོ་ས་ཁུལ་གྱི་སྐབས་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་ཀྱི་བཙིར་འགྱིག་འགྲན་བསྡུར་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ་ཞིང་། ཁུལ་ཡོངས་ཀྱི་རྫོང་ལྔའི་འགྲན་ཞུགས་པ30ཐེངས་འདིའི་བཙིར་འགྱིག་འགྲན་བསྡུར་དུ་ཞུགས།

      བོད་ཀྱི་བཙིར་འགྱིག་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། བོད་རིགས་ས་ཁུལ་དུ་ཁྱབ་རྒྱ་ཤིན་ཏུ་ཆེ་ལ། རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་ཡིན། གནའ་བོའི་རིག་གནས་སྒྱུ་རྩལ་འདི་སྔར་ལས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཆེད། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འགྲན་བསྡུར་སྤེལ་བའི་རྣམ་པར་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་མཚོ་ལྷོ་ས་ཁུལ་གྱི་ཁྱད་དུ་འཕགས་པའི་ས་ཁོངས་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་བཏང་ཞིང་། དམངས་ཁྲོད་ཀྱི་ཕུལ་བྱུང་བཙིར་འགྱིག་སྒྱུ་རྩལ་བ་གསོ་སྐྱོང་བྱས།

     དུས་ཡུན་ཉིན་གཉིས་ཀྱི་ཛ་དྲག་གི་འགྲན་བསྡུར་བརྒྱུད། མང་རྫོང་གི་འགྱིག་བ་འབྲུག་འབུམ་རྒྱལ་ལ་བྱ་དགའ་ཨང་དང་པོ་དང་། ཁྲི་ཀ་རྫོང་གི་འགྱིག་བ་དོན་གྲུབ་དང་གསེར་ཆེན་རྫོང་གི་འགྱིག་བ་དབང་ཆེན་རྡོ་རྗེ་གཉིས་ལ་བྱ་དགའ་ཨང་གཉིས་པ། འབའ་རྫོང་གི་འགྱིག་བ་ཆོས་ལོ་དང་ཁྲི་ཀ་རྫོང་གི་འགྱིག་བ་འབུམ་འབྲུག་ཚེ་རིང་། མང་རྫོང་གི་འགྱིག་བ་བཀྲ་ཤིས་དོན་གྲུབ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།