ཀན་ལྷོ་ཁུལ་གྱི་སྐབས་དང་པོའི་ལོ་སར་རིག་རྩལ་དགོང་ཚོགས་ཟླ1པོའི་ཚེས16ཉིན་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།: ཀན་སུའུ་གསར་འགྱུར་དྲ་བ། དུས་ཚོད།:2012-01-14 08:31:00 ཀློག་གྲངས།:

           ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་པོའི་ལོ་སར་རིག་རྩལ་དགོང་ཚོགས་ཟླ1པོའི་ཚེས16ཉིན་གྱི་མཚན་མོའི་དུས་ཚོད8ཀྱི་སྟེང་ཡང་བསྐྱར་ཞིག་གསོ་བྱས་པའི་ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཚོམས་ཆེན་དུ་བསྡུ་རྒྱུ་ཡིན་པ་དང་།  སྐབས་དེར་ཀན་ལྷོ་ཁུལ་བརྙན་འཕྲིན་ཁང་གིས་ཡུལ་དངོས་ནས་ཐད་གཏོངས་བྱེད་རྒྱུ་རེད།   ད་ལྟ་དགོང་ཚོགས་སྔོན་གྱི་གྲ་སྒྲིག་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན། 
          རྒྱུས་ལོན་པ་ལྟར་ན།  དགོང་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ཡིན་པ་དང་།  གཞི་རྒྱ་ཆེ་བའི་མི་རིགས་ཀྱི་འབུད་དཀྲོལ་རོལ་ཆ་དང་།  རྩལ་རྩེད་སྣ་ཚོགས། དམངས་གླུ།  གླུ་གར་འཁྲབ་སྟོན་སོགས་བཀོད་སྒྲིག་བྱས་ཡོད།  དགོང་ཚོགས་སྟེང་ད་དུང་གླུ་བ་གྲགས་ཅན་ཡ་དུང་དང་བཀྲ་ཤིས་དོན་འགྲུལ་སོགས་འཁྲབ་སྟོན་པ་གྲགས་ཅན་གདན་ཞུ་བྱས་ཡོད་པས།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་དུས་ཆེན་གྱི་རིག་རྩལ་གྱ་ནོམ་པ་ཞིག་སྤྱན་ལམ་དུ་འབུལ་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།