འབའ་རྫོང་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་གནང་བའི་མཛད་སྒོ་བསྡུས་པ།
ཐོན་སྐྱེད་རྒྱུ་ཆ་ཕྱོགས་བསྡུས་རོགས་དངུལ་གནང་བ།
ཟླ1པོའི་ཚེས11ཉིན། འབའ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་སྲིད་གཞུང་ཐང་ཆེན་དུ2011ལོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་མ་ལག་ཐོན་སྐྱེད་ཕྱོགས་བསྡུས་རོགས་དངུལ་གནང་བའི་མཛད་སྒོ་བསྡུས་ཤིང་། འདིས་འབའ་རྫོང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་གནང་བའི་བྱ་བ་དངོས་སུ་འགོ་བརྩམས་པ་མཚོན་ལ། རྫོང་ཡོངས་ཀྱི་གྲོང་རྡལ5དང་མཚོ་སྔོན་ཞིང་ཆེན་ཕྱུགས་ཆས་ལེགས་འདེབས་ར་བ་བསྐྲུན་པའི་དུད་ཁྱིམ9016ཡི་ཐོན་སྐྱེད་རྒྱུ་ཆ་ཕྱོགས་བསྡུས་རོགས་དངུལ་སྒོར་ཁྲི450.8དེ“དངུལ་བྱང་གཅིག”ཅན་གྱི་རྣམ་པར་བརྒྱུད་དེ་བསྟུད་མར་ཕྱུགས་གཉེར་ཁྱིམ་ཚང་གི་ལག་ཏུ་འབྱོར་དུ་འཇུག་རྒྱུ་ཡིན་པ་རེད།
འབའ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་མ་ལག་དངོས་འབེབ་བྱ་བར་མཐོང་ཆེན་གནང་གིན་ཡོང་ཅིང་། འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་འགན་གྱི་དམིགས་ཡུལ་གསལ་བ། གོ་རིམ་ལྡན་པའི་ངང་རྩྭ་ས་འགན་གཙང་ལེན་བྱེད་པ། གཞི་རྩའི་རྩྭ་ས་ལམ་ལུགས་དངོས་འབེབ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས་པ་བསྟན། ད་ལྟའི་བར་རྫོང་ཡོངས་ཀྱི་ཕྱུགས་གཉེར་དུད་ཁྱིམ་དང་། རྩྭ་ས། ཕྱུགས་ཟོག་བཅས་གསུམ་གྱི་གཞི་རྩའི་ཞིབ་གྲངས་བྱ་བ་ཡོངས་སུ་མཇུག་རྫོགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com