ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་གཞས་དང་རས་པའི་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-21 16:05:00 ཀློག་གྲངས།:


ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་གཞས་དང་རས་པའི་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་བསྡུས་པ།

          ཉེ་ཆར། སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་དང་། ཀྲུང་གུང་འབའ་ཐང་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་། སི་ཁྲོན་ཞིང་ཆེན་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་བཅས་མཉམ་འབྲེལ་སྒོས་སྤེལ་པའི་ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་གཞས་དང་རས་པའི་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་དེ་ཁྲིན་ཏུའུ་རོང་ཁྲིན་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་། པེ་ཅིང་དང་བོད་ལྗོངས། ཡུན་ནན། དེ་མིན་སི་ཁྲོན་གྱི་རྒྱལ་ཁབ་ཕྱི་ནང་གི་གཞས་དང་རས་པའི་སྒྱུ་རྩལ་གསར་གཏོད་དང་སྒྱུ་རྩལ་འཁྲབ་སྟོན། དེ་མིན་གཞུང་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་དང་། ཤེས་ཡོན་པ་སོགས120ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པ་རེད།
           གཏམ་བཤད་ཁྲོད་ཏང་གི་སྐབས་བཅུ་བདུན་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལྟར། བོད་མི་རིགས་ཀྱི་སྲོལ་རྒྱུན་གླུ་གར་སྒྱུ་རྩལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་འོས་འགན་སྒྲུབ་པ་དང་། གཞས་དང་རས་པའི་སྒྱུ་རྩལ་སྔར་ལས་ལྷག་པར་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱེད་པར་ཡར་སྐུལ་སྒོས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བྱས་རྗེས་འཇོག་དགོས་པ་བསྟན།
          ཐེངས་འདིའི་གླེང་སྟེགས་ནི་བོད་ཀྱི་གཞས་དང་རས་པའི་གླུ་གར་སྒྱུ་རྩལ་ཞིབ་འཇུག་དང་སྲུང་སྐྱོབ། རྒྱུན་འཛིན་དར་སྤེལ་བཅས་བྱེད་པར་ཆེད་དུ་སྤེལ་པའི་མཐོ་རིམ་གླེང་སྟེགས་ཤིག་ཡིན་ཏེ། གླེང་སྟེགས་ཀྱི་ཁྱབ་རྒྱ་དང་། རིག་གཞུང་རང་བཞིན། དེར་ཞུགས་པའི་མི་སྣ། གྲོས་ཞིབ་ཀྱི་ནང་དོན། གླེང་སྟེགས་ཀྱི་གྲུབ་འབྲས་སོགས་ཀྱི་ཕྱོགས་ནས་སྔ་ན་མེད་པའི་ཁྱད་ཆོས་མངོན་ཡོད།


ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་གཞས་དང་རས་པའི་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་བསྡུས་པ།

            དུས་ཡུན་ཉིན་གསུམ་གྱི་རིག་གཞུང་གླེང་སྟེགས་བརྒྱུད། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་རིམ་པ་དང་པོའི་སྒྲིག་འཁྲབ་པ་འོད་མེ་རྒྱལ་མཚན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་སྙན་གླིང་གི་འགོ་གཙོ་ཝང་ཧྭ། ཀྲུང་དབྱང་རོལ་སྙན་གླིང་གི་འགོ་གཙོ་གཞོན་པ་གསང་བདག་ནོར་བུ། བོད་རང་སྐྱོང་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པའམ་ཞིབ་འཇུག་པ་སྐལ་བཟང་ཆོས་རྒྱལ། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱིའི་སྒྲིག་ཞིབ་པ་གཞོན་པ་ཡེ་ཤེས་རྡོ་རྗེ། སི་ཁྲོན་སློབ་ཆེན་གྱི་རྒན་ཆེན་མོ་སྐལ་བཟང་ཡེ་ཤེས། དེ་མིན་དཀར་མཛེས་དང་། རྔ་བ། སི་ཁྲོན་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་སྒྱུ་རྩལ་སློབ་ཆེན། དེ་མིན་འབྲེལ་ཡོད་རིག་གཞུང་ཚོགས་པའི་ཆེད་མཁས་དང་། དགེ་རྒན་ཆེན་མོ་སོགས་མི་སྣ60ལྷག་གིས་བོད་ཀྱི་གཞས་དང་རས་པའི་སྒྱུ་རྩལ་གྱི་འབྲེལ་ཡོད་བརྗོད་དོན་ཐད་ཕྱོགས་གང་མང་ནས་ཚད་དང་ལྡན་པའི་རིག་གཞུང་གྲོས་ཞིབ་གནང་བ་རེད།


ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་གཞས་དང་རས་པའི་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་བསྡུས་པ།

           གྲོས་ཚོགས་སུ་བསྡོམས་པས་འབྲེལ་ཡོད་དཔྱད་རྩོམ60ལྷག་བསྡུས་ཡོད་ཅིང་།  དེར་གཙོ་བོ་གཞས་དང་རས་པའི་སྒྱུ་རྩལ་གྱི་འཕེལ་འགྲིབ། སྒྱུ་རྩལ་མཚོན་ཐབས། འཁྲབ་སྟོན་བརྒྱུད་རིམ།  གླུ་གཞས་ཀྱི་ཁྱད་ཆོས།  གཞས་ཚིག་ནད་དོན།  ས་ཁོངས་ཀྱི་ཁྱད་ཆོས།  གསར་གཏོད་བྱེད་ཚད། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སོགས་ཀྱི་ནང་དོན་དོད་པོ་ལྡན་ལ།  རིག་གཞུང་དཔྱད་རྩོམ42ལྷག་ལ་གྲོས་ཚོགས་ཀྱི་ཡུལ་དངོས་སུ་རིག་གཞུང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་རྣམས་ཀྱིས་གདེང་འཇོག་ཆེན་པོ་གནང་།  དེར་མ་ཟད་ཁོང་ཚོས་གཞས་དང་རས་པའི་སྒྱུ་རྩལ་ཞིབ་འཇུག་དང་སྲུང་སྐྱོབ། འཕེལ་རྒྱས།  རྒྱུན་འཛིན་སོགས་ཀྱི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་འདྲ་མིན་ཐད་སྣེ་ཁྲིད་རང་བཞིན་གྱི་གཞུང་ལུགས་ཁོངས་བསྐྱེད་པ་རེད། 
          གླེང་སྟེགས་ཀྱི་དུས་སྐབས་སུ།  འབའ་ཐང་གླུ་གར་ཞེས་པའི་ཆེད་དོན་རང་བཞིན་གྱི་གླུ་གར་དགོང་ཚོགས་དེ་ཁམས་པའི་བརྙན་འཕྲིན2012ལོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཡུལ་དངོས་སུ་ཕབ་སྐྲུན་བྱས་ཤིང་།  འདིར་བཞུགས་ཆེད་མཁས་བ་རྣམས་ཀྱིས་རིག་གཞུང་གྲོས་མོལ་བྱས་པ་ལས་གཞན་འབའ་ཐང་དམངས་ཁྲོད་གླུ་གར་སྒྱུ་རྩལ་རོལ་མྱོང་བྱེད་ཐུབ་པ་བྱུང་ནས་ཚོར་བ་ཟབ་མོ་དང་བཅས་སྤྲོ་སེམས་རབ་ཏུ་འཁོལ།
          ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་གཞས་དང་རས་པའི་སྒྱུ་རྩལ་མཐོ་རིམ་གླེང་སྟེགས་ཞེས་པ་བདེ་བླག་ངང་སྤེལ་ཞིང་།  བོད་ཀྱི་དམངས་ཁྲོད་གླུ་གར་སྒྱུ་རྩལ་གྱི་ཞིབ་འཇུག་དང་།  སྲུང་སྐྱོབ།  འཕེལ་རྒྱས་སོགས་ལོ་རྒྱུས་སྟེང་དོན་སྙིང་ཆེན་པོ་ལྡན་པར་མཐོང་སྟེ།  དེས་རང་རྒྱལ་བོད་རིགས་དམངས་ཁྲོད་ཀྱི་གླུ་གར་རིག་གནས་སྒྱུ་རྩལ་དང་ནང་སྒོས་སུ་གཞས་དང་རས་པའི་སྒྱུ་རྩལ་གྱི་གཞུང་ལུགས་ཞིབ་འཇུག་ཆུ་ཚད་སྟེགས་བུ་གསར་བ་ཞིག་ཏུ་སླེབས་པ་མཚོན་ལ། གླེང་སྟེགས་འདིས་ཕུལ་བྱུང་གཞུང་ལུགས་གྲུབ་འབྲས་མི་དམན་པ་བླངས་ཡོད་ཅིང་། རྗེས་ཕྱོགས་མི་རིགས་རིག་གནས་སྒྱུ་རྩལ་ཐད་མུ་མཐུད་དུ་ཞིབ་འཇུག་དང་།  སྲུང་སྐྱོབ། འཕེལ་རྒྱས་སོགས་བྱེད་པར་དགེ་མཚན་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།