སྐབས་བཞི་བའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་བསྡུར་ཆེན་མོ་རྨ་ལྷོ་ཁུལ་དུ་བསྡུས།

རྩོམ་པ་པོ།:ཀླུ་མོ་མཚོ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2018-08-09 09:26:00 ཀློག་གྲངས།:


འགོ་ཚུགས་མཛད་སྒོའི་ཡུལ་དངོས།

འགྲན་བསྡུར་གྱི་ཡུལ་དངོས།


ཁུལ་དཔོན་ཆའོ་ཞའེ་ཀྲི་སོགས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་བྱེད་བཞིན་པ།


འགྲན་བསྡུར་གྱི་ཡུལ་དངོས།


འགྲན་བསྡུར་གྱི་ཡུལ་དངོས།


འགྲན་བསྡུར་གྱི་ཡུལ་དངོས།


འགྲན་བསྡུར་གྱི་ཡུལ་དངོས།

     ཟླ8པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གུང་རྨ་ལྷོ་ཁུལ་ཨུ་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་སྒྲུབ་ཁུར་བའི་སྐབས་བཞི་བའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་བསྡུར་ཆེན་མོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས།
     འགོ་ཚུགས་མཛད་སྒོའི་སྟེང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཆའོ་ཞའེ་ཀྲི་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཏ་ཡེ།  ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀརྨ་ཕུན་ཚོགས། ཁུལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཏུའུ་ཧུའེ་ཧྥུན། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་།  རྨ་ལྷོའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆའོ་ཏི་ལིན།  ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུང་ཚོན་ཏི་སོགས་ཞུགས་ཡོད་ཅིང་། འགྲན་བསྡུར་ལ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དབང་གྲགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུན་ཐར་གྱིས་འགྲན་བསྡུར་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
     ཐེངས་འདིའི་འགྲན་བསྡུར་ཆེན་མོ་ནི་དུས་ཡུན་ཉིན་གཅིག་གི་རིང་སྤེལ་བ་ཡིན་ལ། ཞིང་ཆེན་ཕྱི་ནང་གི་སྒྱུ་རྩལ་པ550ཡོང་ནས་འགྲན་ཞུགས་བརྗོད་བྱ་ལ་དམིགས་ཏེ་རང་ཉིད་ཀྱི་ལག་རྩལ་ངོམས་ལ།   དེའི་ནང་ཐང་ག་འབྲི་བཞེངས་ལ་མི467དང་འཚེམ་དྲུབ་སོགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ལ་མི83ཞུགས་ཡོད། ཐང་ག་འབྲི་བཞེངས་ནི་དུས་ཚོད་བཞིའི་རིང་སྤེལ་བ་དང་། འགྲན་བསྡུར་མཇུག་རྫོགས་རྗེས་འགྲན་བསྡུར་གཙོ་སྒྲུབ་ལས་ཁུངས་ཀྱིས་གདན་ཞུ་གནང་བའི་ཆེད་མཁས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལྷ་རིས་སྒྱུ་རྩལ་པའི་སློབ་དཔོན་ཆེན་མོ28ཀྱིས་གྲུབ་པའི་དཔྱད་འདེམས་ཚན་ཆུང་གིས་རེ་རེར་སྐར་མ་བརྒྱབ་པ་དང་། ཡུལ་དངོས་སུ་བརྩམས་ཆོས100བདམས་ནས་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་དང། བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་སོགས་བསྡོམས་པས་མི32ལ་བྱ་དགའ་སྟེར་རྒྱུ་རེད།
     རྨ་ལྷོ་ཁུལ་ནི་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེ་བའི་རེབ་གོང་སྒྱུ་རྩལ་གྱི་ཕ་ས་ཡིན་པ་དང་། 2006ལོ་དང2009ལོར“རེབ་གོང་སྒྱུ་རྩལ”སོ་སོར་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁག་དང་པོའི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་མིང་གཞུང་ནང་བཅུག་པ་རེད། ཐང་ག་དེ་རེབ་གོང་སྒྱུ་རྩལ་གྱི་བླ་སྲོག་ལྟ་བུ་ཡིན་པའི་ཆ་ནས་དེ་ནི་རེབ་གོང་སྒྱུ་རྩལ་གྱི་ཆེས་གལ་ཆེན་གྱི་སྲོག་ཤིང་སྒྱུ་རྩལ་མཚོན་སྟངས་ཀྱི་རྣམ་པ་ཞིག་ཡིན། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་བརྒྱུད། རེབ་གོང་ས་ཁུལ་ནི་ཐང་ག་སྒྱུ་རྩལ་འཕེལ་རྒྱས་འགྲོ་བའི“ས་རྒྱུ་གཤིན་པོར”གྱུར་ཡོད། ཐེངས་འདིའི་འགྲན་བསྡུར་ནི2018ལོའི་སྐབས་གསུམ་པའི་དབྱར་སྟོན་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཆེས་གལ་ཆེ་བའི་རིག་གནས་ཀྱི་བྱ་འགུལ་ཞིག་ཡིན་ལ།  དེའི་དམིགས་འབེན་ནི་ཐང་ག་གཙོར་བྱས་པའི་རེབ་གོང་སྒྱུ་རྩལ་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་བསྣན་ཏེ། འཆམ་མཐུན་གྱི་རྨ་ལྷོ་འཛུགས་སྐྲུན་དང་རེབ་གོང་རིག་གནས་སྒྱུ་རྩལ་གྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན། འགྲན་བསྡུར་གྱི་འདྲ་མཉམ་དང་དྲང་བདེན་ལ་ཁག་ཐེག་བྱ་ཆེད། རེབ་གོང་རྫོང་དྲང་གཞག་ཁྲུའུ་ཡི་མི་སྣ་ཆེད་དུ་གདན་ཞུས་གནང་ནས་འགྲན་བསྡུར་གྱི་གོ་རིམ་ཡོངས་ལ་ལྟ་སྐུལ་དང་བདེན་དཔང་བྱེད་ཀྱིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།