བོད་ལྗོངས་ཀྱིས་དམངས་ཁྲོད་ཀྱི་བོད་ཀྱི་ཟློས་གར་འཁྲབ་ལུགས་བརྒྱད་ལ་སྲུང་སྐྱོབ་བྱས་པ།
རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་ཇོ་མོ་ལུང་ཟློས་གར་འཁྲབ་ལུགས་ཀྱི་
རྒྱུན་འཛིན་པ་ཚེ་བརྟན་རྡོ་རྗེ་ལགས།(ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་ནས།)
བོད་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་ཆེད་སྤྱོད་གྲོན་དངུལ་བཏང་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་གཙོ་བོར་སྲུང་སྐྱོབ་བྱེད་འགོ་བརྩམས་ཤིང་། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི21སྲུང་སྐྱོབ་འཆར་གཞི་ཐོག་མའི་ཁྲོད་བཞག་ལ། དེའི་ཁྲོད་བོད་ཀྱི་ཟློས་གར་གྱི་འཁྲབ་ལུགས་བརྒྱད་ལས་གཞི་གཙོ་བོའི་གྲས་སུ་བདམས་པ་རེད།
ཐེངས་འདིའི་སྲུང་སྐྱོབ་འཆར་གཞི་གཙོ་བོར་བདམས་པའི་བོད་ཀྱི་ཟློས་གར་འཁྲབ་ལུགས་བརྒྱད་ཀྱི་ཁྲོད་དུ་སྟོད་ལུང་བདེ་ཆེན་རྫོང་ཇོ་མོ་ལུང་ཟློས་གར་དང་། གཞིས་ཀ་རྩེ་ས་ཁུལ་རྣམ་གླིང་རྫོང་ཤངས་པ་ཟློས་གར། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཡར་ལུང་བཀྲ་ཤིས་ཞོལ་པ་ ཟློས་གར། ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་ཤངས་སྟོད་ཟློས་གར་སོགས་འདུས་ལ། ལས་གཞི་སོ་སོར་འབུམ2ལྷག་གི་སྲུང་སྐྱོབ་གྲོན་དངུལ་ཡོད་ཅིང་། གྲོན་དངུལ་ཡོངས་ཟློས་གར་འཁྲབ་སྟོན་དཔུང་སྡེ་སྲུང་སྐྱོབ་དང་། ན་གཞོན་རྒྱུན་འཛིན་པ་སྐྱེད་སྲིང་། དེ་མིན་འཁྲབ་སྟོན་སྒྲིག་ཆས་འཐུས་ཚང་གཏོང་བ་སོགས་ཀྱི་ཐད་ལ་གཏོང་རྒྱུ་རེད།
2005ལོར་བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་འགོ་བརྩམས་པ་ནས་བཟུང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་ཕྱིར་སྒོར་བྱེ་བ1ལྷག་བཏང་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་ཁྱོན་ཡོངས་ནས་རྩིས་བཤེར་དང་། ཞིབ་འཇུག སྲུང་སྐྱོབ། རྒྱུན་འཛིན་བྱས་ཤིང་། དམངས་ཁྲོད་ཀྱི་ཟློས་གར་འཛིན་གྲྭ་སྐོར་ཞིག་བསྐྱར་འཛུགས་བྱས་ནས་ཟློས་གར་རྒྱུན་འཛིན་པའི་དཔུང་སྡེའི་སྲ་བརྟན་དང་དར་སྤེལ་དུ་བཏང་བ་དང་མཉམ་དུ། བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་དཔེ་དེབ་དང་བརྙན་གཟུགས་ཐོན་རྫས་མང་དུ་པར་སྐྲུན་བྱས་པས་བོད་ཀྱི་ཟློས་གར་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་གྲུབ་འབྲས་མངོན་སུམ་ཐོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com