བོད་ལྗོངས་ས་ཁུལ་སོ་སོ་ནས་དཔྱིད་གསར་རོལ་ཞིང་བོད་ལུགས་ལོ་སར་བསུ་བའི་རིག་རྩལ་བྱ་འགུལ་སྤེལ་པ།
མེ་ཏོག་རྫོང་གི་བོད་ལུགས་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན།
ཟླ1པོའི་ཚེས19ཉིན། ཉང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་གིས་པད་མ་ཐང་ཆེན་དུ་བོད་ལུགས་ལོ་སར་བསུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ་ཞིང་། འདི་གའི་ལས་སྒྲུབ་པ་དང་། རོང་འབྲོག་མང་ཚོགས། བཟོ་ལས་མི་སྣ་སོགས་གཟིགས་མོ་བ2000ལྷག་གིས་ཐེངས་འདིའི་འཁྲབ་སྟོན་ལ་རོལ་མྱོང་བྱས།
ཆབ་མདོ་ལྷོ་རོང་རྫོང་གིས་སྤེལ་པའི་ལོ་སར་གྱི་རིག་རྩལ་བྱ་འགུལ།
ཆབ་མདོ་ལྷོ་རོང་རྫོང་གིས་སྤེལ་པའི་ལོ་སར་གྱི་རིག་རྩལ་བྱ་འགུལ།
གར་གྱི་སྟངས་སྟབས་བསྒྱུར་བཞིན་པ།
བྲོ་གར་འཁྲབ་པའི་ཚུལ།
ཟླ1པོའི་ཚེས25ཉིན། ནག་ཆུ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་འབོར་མཐོག་གྲོང་ལྷན་རིག་གནས་ཁང་དུ་དུས་ཆེན་གྱི་ཁ་དབུགས་སྟུག་ཅིང་། དེའི་རང་བྱུང་གྲོང་སྡེ་དང་ཉེ་འགྲམ་གྱི་རོང་འབྲོག་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ཏེ་གླུ་གར་གྱི་རིག་རྩལ་འཁྲབ་སྟོན་ལ་ལྟ་རུ་སླེབས་པ་དང་། གནས་འདིར་བོད་ལུགས་ལོ་སར་བསུ་བར་བག་བྲོ་བའི་རྣམ་པས་ཡོངས་སུ་ཁེངས་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com