མདོ་སྨད་དུ“ཨ་རྩེད”རྩེད་བཞིན་སྐྱིད་པའི་དུས་སྟོན་རོལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-02 10:45:00 ཀློག་གྲངས།:


“ཨ་རྩེད”རྩེད་བཞིན་སྐྱིད་པའི་དུས་སྟོན་ལ་རོལ་བ།

   ལོ་སར་གྱི་དུས་སུ་གང་ས་གང་དུ་གླུ་གར་གྱི་རྒྱ་མཚོས་ལྟེམས་པ་ཇི་བཞིན་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག་སྟེ། གསེར་ཆེན་རྫོང་དུ་མང་ཚོགས་རྣམས་ཀྱིས་སྡེ་བ་དང་ཚོ་ཁག་བྱས་ནས་གླུ་ལེན་གར་རྩེད་དང་མདའ་འཕེན་འགྲན་སྡུར་སོགས་ཀྱི་རྩེད་མོ་སྣ་ཚོགས་སྤེལ་ནས་དུས་སྟོན་ལ་སྤྲོ་དགའ་དང་བདེ་སྐྱིད་ཀྱི་མཁའ་དབུགས་གསར་བ་ཞིག་བསྐྲུན་པ་རེད།
  བོད་མི་རིགས་ནི“སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་དང་། གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས”ཞེས་པའི་བཤད་སྲོལ་བཞིན་དུ་མདོ་སྨད་མཚོ་ལྷོའི་ཡུལ་གྱི་བོད་དམངས་རྣམས་ཀྱང་དེ་ལས་འདས་པར་གླུ་གར་ལ་མཁས་ཤིང་དེ་ལ་སྤྲོ་བ་ཆེན་པོ་ཡོད་པ་རེད། ཡུལ་འདི་གར་གནའ་དེང་གི་བོད་ཀྱི་གླུ་གཞས་དང་ཞབས་བྲོ་ཀུན་ཉམས་པ་མེད་པར་དར་ཁྱབ་ཆེ་བ་དང་། བྱེ་བྲག་ཏུ་བོད་ཀྱི་སྲོལ་རྒྱུན་གྱི་རྩེད་མོ་སྟེ“ཨ་རྩེད”ཞེས་པ་བོད་དམངས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ཀྱིན་པས་དུས་སྟོན་ཁྲོད་ཀྱི་རྩེད་མོ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་འདུག


“ཨ་རྩེད”ནི་ལོ་རེ་རེའི་དུས་སྟོན་ཁྲོད་ཀྱི་རྩེད་མོ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་འདུག

  “ཨ་རྩེད”ནི་གཙོ་བོ་ཨ་མདོའི་རོང་ཁུལ་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་རྩེད་མོ་ཞིག་ཡིན་ལ། རྩེད་མཁན་མི་གཉིས་སམ་བཞི་དང་དྲུག་སོགས་ཆ་འགྲིག་པོར་བྱས་ཏེ་ངག་ནས་གླུ་ལེན་ཞོར་དུ་གར་སྟབས་བསྒྱུར་བ་དང་། དེའི་ནང་དོན་ལ་རྟེན་འབྲེལ་དང་བསྟོད་པ་སོགས་མང་དུ་འདུས་ཤིང་འགོ་མཇུག་བར་གསུམ་ཚང་བའི་དམངས་ཁྲོད་ཀྱི་རྩེད་སྲོལ་ཞིག་ཡིན་ཞིང་། དེ་ལ་གཞས་འབྲུ་བབ་ཆགས་ཤིང་ཚིག་རྐང་ཕན་ཚུན་དོ་མཉམ་པ། ཡུལ་སོ་སོའི་ཁ་སྐད་དང་མཐུན་པར་ངག་ནས་ལེན་བདེ་བ་སོགས་ཀྱིས་ཁྱད་ཆོས་ལྡན་པ་རེད།


མཛེས་པའི་གཟབ་འཆོར་སྤྲས་ནས་སྐྱིད་པའི“ཨ་རྩེད”རྩེད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།