ཨར་སྟི་སྡེ་བས་གླུ་གར་འཁྲབ་སྟེ་བྲག་དཀར་རྫོང་གི་མདའ་བ་རྣམས་སྐྱེལ་མ་ཞུས་པ།
མདའ་རྩེད་ནི་གསེར་ཆེན་རྫོང་རོང་འབྲོག་ས་ཁུལ་དུ་ལོ་རེའི་དཔྱིད་གསར་སྐབས་སུ་སྤེལ་བཞིན་པའི་དམངས་ཁྲོད་བྱ་འགུལ་ཞིག་ཡིན་པ་དང་། རོང་འབྲོག་མང་ཚོགས་ཀྱིས་སྡེ་བ་ཕན་ཚུན་བར་མགྲོན་བྱས་ཏེ་མདའ་རྩེད་འགྲན་བསྡུར་བྱེད་པ་ཞིག་ཡིན།
ཟླ1པོའི་ཚེས31ཉིན་ཏེ་ལུགས་རྙིང་ཚེས9ཉིན། ཨར་སྟི་ཡུལ་ཚོའི་ཨར་སྟི་སྡེ་བའི་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ཏེ་སྡེ་བའི་མ་ཎི་ཁང་དུ་འཛོམས་ཤིང་གླུ་ལེན་གར་རྩེད་ངང་མགྲོན་བསུའི་མདའ་རྩེད་སྡེ་བ་སྟེ་བྲག་དཀར་རྫོང་ཧོར་ཁ་གྲོང་རྡལ་ཧུང་ཆི་སྡེ་བའི་མདའ་བ་རྣམས་སྐྱེལ་མ་ཞུས་པ་རེད།
ཉིན་འདིར་སྡེ་བའི་འགོ་ཁྲིད་རྣམས་ཀྱི་བཀོད་སྒྲིག་ལེགས་པོའི་འོག གླུ་བ་གླུ་མ་དང་གར་འཁྲབ་མཁན་རྣམས་ཀྱིས་བོད་ལྭ་དང་རྒྱན་ཆས་སྣ་ཚོགས་སྤྲས་པ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་ལ་གོང་བཀུར་རམ་དུངས་བ་ཡོད་པ་དང་མདའ་བའི་སྐུ་མགྲོན་རྣམས་དགའ་སྤྲོ་དགྱེས་པར་སྡེ་བའི་རྒན་དར་གཞོན་གསུམ་ཀུན་གྱིས་ཀྱང་མི་རིགས་ཀྱི་རྒྱན་ཆས་སྤྲས་ཏེ་གནས་འདིར་སླེབས་འདུག དེའི་མུར་མི52ལས་གྲུབ་པའི་སྡེ་བའི་རིག་རྩལ་འཁྲབ་སྟོན་པ་རྣམས་ཀྱིས་ཁ་བཏགས་དཀར་པོ་ཡུག་གཅིག་དང་ལྷན་དུ་གར་གྱི་སྟངས་སྟབས་ལ་བསྒྱུར་བ་དང་། དམངས་གླུ་དང་། ཆང་གཞས་སོགས་སྙན་དབྱངས་ཀྱིས་ཕྱུག་པའི་གླུ་གཞས་བླངས་ནས་སྤྲོ་སྐྱིད་ཀྱི་རྣམ་པ་ཁེངས་བར་བྱས།
སྡེ་བའི་འགོ་ཁྲིད་ལས་རྒྱུས་ལོན་པ་ལྟར་ན། ཨར་སྟི་སྡེ་བའི་རིག་རྩལ་འཁྲབ་སྟོན་རུ་ཁག་དེ་ནི་སྡེ་བའི་བུད་མེད་རྣམས་ཀྱིས་སྡེ་མི་ཨུ་ཡོན་ལ་གྲོས་གཞི་བཏོན་ནས་སྡེ་བས་ཁྲི5ཡི་མ་དངུལ་བཏང་ནས་འཁྲབ་སྟོན་གྱོན་ཆས་དང་འབྲེལ་ཡོད་སྒྲིག་ཆས་བཀོད་སྒྲིག་གནང་ཞིང་འཁྲབ་སྟོན་རུ་ཁག་བསྡོམས་པས་མི53གྱིས་གྲུབ། ཁོང་ཚོའི་འཁྲབ་སྟོན་ལ་མི་རིགས་ཀྱི་ཁྱད་ཆོས་དོད་པའི་བྲོ་གར་དང་། གླུ། རྡུང་ལེན་སོགས་རྣམ་པ་མང་པོ་འདུས་ཤིང་ལུགས་རྙིང་གི་ཚེས13སྔོན་ཆབ་ཆ་གྲོང་རྡལ་མཚོ་སྔོན་པོ་ཐང་ཆེན་གྱི་རིག་རྩལ་འཁྲབ་སྟོན་ལ་ཞུགས་ཡོད་པར་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com