བླ་བྲང་བཀྲ་ཤིས་འཁྱིལ་དགོན་པས་རྒྱ་ལོ་སྨོན་ལམ་ལ་གོས་སྐུ་བཤམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-07 10:57:00 ཀློག་གྲངས།:


སྟོན་སྐུ་ཆེན་མོའི་གོས་སྐུ་བཤམས་པ།

          ལོ་རེའི་ལུགས་རྙིང་གི་ཟླ1པོའི་ཚེས13ཉིན།  བླ་བྲང་བཀྲ་ཤིས་འཁྱིལ་དགོན་པས་སྟོན་སྐུ་ཆེན་མོའི་གོས་སྐུ་བཤམས་ཤིང་།  འདི་ནི་བླ་བྲང་དགོན་པའི་ཆོས་ལུགས་ཀྱི་ཆོ་ག་གལ་ཆེན་ཞིག་ཡིན། 
          སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། རྩེ་ཞྭ་དང་གོས་ཆེན་གྱིས་བརྒྱན་པའི་གྲྭ་བཙུན100ལྷག་གིས་སྙན་འཇེབས་དུང་གི་སྒྲ་དབྱངས་དང་ལྷན་དུ་གོས་སྐུ་ཕྲག་ལ་ཁུར་ཏེ་དགོན་པ་ནས་བར་ཐག་ལ་སྟོང་སྨི1ཡོད་པའི་གོས་སྐུ་བཤམས་པའི་ཡུལ་དངོས་ལ་བསླེབས།


གོས་སྐུ་བཤམས་པའི་ལམ་བར་དུ་མང་ཚོགས་ཀྱིས་མཆོད་བཀུར་བྱེད་པ།

          གོས་སྐུ་བཤམས་པའི་ལམ་བར་དུ་དད་ལྡན་པ་རྣམས་ཀྱིས་གོས་སྐུ་ལ་ཁ་བཏགས་འཐེན་པ་དང་ཐོད་པ་གཏུག་ནས་སྨོན་ལམ་བཏབ་ཅིང་།  ཆུ་ཚོད10:30ཡི་སྟེང་རིང་ཚད་ལ་སྨི100དང་ཞེང་ཚད་ལ་སྨི40ཡིན་པའི་གོས་སྐུ་དངོས་སུ་བཤམས་རྗེས།  ས་གནས་རང་དང་།  མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་སོགས་ཕྱོགས་གང་མང་ནས་ཡོང་བའི་དད་ལྡན་མང་ཚོགས་རྣམས་ཚང་ཁ་ཤིག་ཤིག་གི་ངང་ནས་ལོ་རེའི་བླ་བྲང་དགོན་པའི་སྟོན་སྐུ་ལ་གསོལ་འདེབས་དང་ཕྱག་མཇལ་བྱས་པ་རེད། 


ལམ་བར་དུ་བསྐྱོད་བཞིན་པའི་ཚུལ།

ཞར་བཀོད།

          བླ་བྲང་དགོན་པ་ནི་དུས་རབས་བཅོ་བརྒྱད་པའམ་སྤྱི་ལོ1709ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་དགུང་ལོ་རེ་དྲུག་བཞེས་པའི་ཐོག་བསང་ཆུ་རྫོང་དུ་ཕྱག་བཏབ་ཅིང་། དགོན་པ་དེར་མཚན་ཉིད་གྲྭ་ཚང(ཐོས་བསམ་གླིང)དང་། རྒྱུད་སྨད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་པ་གྲྭ་ཚང་བཅས་གྲྭ་ཚང་དྲུག་ཡོད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་སྤྱི་ལོ1710ལོར་མཚན་ཉིད་གྲྭ་ཚང་གསར་དུ་བཞེངས་པ་དང་། སྤྱི་ལོ1706ལོར་རྒྱུད་སྨད་པ་གྲྭ་ཚང་བཙུགས། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོས་སྤྱི་ལོ1763ལོར་དུས་འཁོར་གྲྭ་ཚང་གསར་དུ་བཙུགས་པ། སྤྱི་ལོ1772ལོར་མཚན་ཉིད་གྲྭ་ཚང་ཇེ་རྒྱས་སུ་བཏང་། སྤྱི་ལོ1784ལོར་སྨན་པ་གྲྭ་ཚང་གསར་དུ་བཙུགས། ཀྱེེ་རྡོར་གྲྭ་ཚང་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོས་སྤྱི་ལོ1879ལོར་གསར་དུ་བཙུགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།