སྨི་བཅོ་ལྔ་ཅན་གྱི་ཐང་ག་ཞིག་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་དུ་མངོན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-08 08:44:00 ཀློག་གྲངས།:


སྨི་བཅོ་ལྔ་ཅན་གྱི་ཐང་ག་ཞིག

            ཉེ་ལམ།  རིང་ཚད་ལ་སྨི15ཡོད་ཅིང་སྟོན་པ་བཅོམ་ལྡན་འདས་སོགས་ནང་བསྟན་ཆོས་ལུགས་ཀྱི་གཙོ་སྐུ15ལྷག་བཞེངས་འདུག་པའི་ཐང་ག་ཆེན་མོ་ཞིག་ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་སྟེང་འགྲེམ་སྟོན་བྱས་ཤིང་།  འདི་ནི་མཚོ་སྔོན་རེབ་གོང་རི་མོ་སྒྱུ་རྩལ་གླིང་གི་འགོ་གཙོ་སྙིང་འབུམ་དང་ཁོང་གི་སློབ་ཕྲུག9བཅས་ཀྱིས་དུས་ཡུན་ལོ་དགུ་སྤྱད་དེ་ལེགས་འགྲུབ་བྱུང་བ་ཞིག་རེད། 
            ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་ནི་ཟླ2པའི་ཚེས5ཉིན་པེ་ཅིང་ནས་སྤེལ་ཞིང་།  སྐབས་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཚོད་ལྟའི་གནས་གཞི་གཙོ་བྱས་ཏེ། རྒྱལ་ཡོངས་སུ་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས་བའི་སྲོལ་རྒྱུན་ལག་རྩལ་དང་སྲོལ་རྒྱུན་མཛེས་རྩལ།  སྲོལ་རྒྱུན་གསོ་བཅོས་སོགས་ལས་གཞི180ལེགས་བདམས་སྒོས་ཐེངས་འདིར་འགྲེམ་སྟོན་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།