བླ་བྲང་བཀྲ་ཤིས་འཁྱིལ་དུ་འཆམ་འཁྲབ་པའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-08 10:10:00 ཀློག་གྲངས།:


གར་འཆམ་འཁྲབ་པའི་ཡུལ་དངོས་ཀྱི་རྣམ་པ།


གར་འཆམ་འཁྲབ་པའི་ཡུལ་དངོས་ཀྱི་རྣམ་པ།

            ཟླ2པའི་ཚེས5ཉིན།  ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་འཆམ་འཁྲབ་པའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཞིང་།  གདོང་འབག་གྱོན་པའི་གྲྭ་བཙུན་དག་གིས་སངས་རྒྱས་ཆོས་ལུགས་ཀྱི་ལུགས་ལྟར་ལོ་རེའི་གར་འཆམ་འཁྲབ་པ་དང་། འདིར་ཕྱོགས་བཞི་མཚམས་བརྒྱད་ཀྱི་མང་ཚོགས་དང་གནས་མཇལ་བ་མང་པོ་སླེབས་ཡོད་པ་རེད།


གར་འཆམ་འཁྲབ་པའི་ཡུལ་དངོས་ཀྱི་རྣམ་པ།


གར་འཆམ་འཁྲབ་པའི་ཡུལ་དངོས་ཀྱི་རྣམ་པ།

            ངག་དབང་ཐུབ་བསྟན་མཆོག་གིས་བརྩམས་པའི《གཙང་གི་གཟིགས་མོ་ཆེན་པོ》ལས། བོད་ཀྱི་དགོན་སྡེ་ཁག་གི་གར་འཆམ་ནི་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན། དེའང་བོད་ཀྱི་བསྟན་པ་སྔ་དར་ཏེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་སུ་ཐོག་མར་རྣལ་འབྱོར་བ་རང་ཉིད་ཐ་མལ་བའི་རྟོག་པ་དང་བྲལ་ཏེ་ཡི་དམ་ལྷས་ལག་ཏུ་མཚོན་ཆ་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བསྣམས་ཏེ་འཆམ་འཁྲབ་པ་དེ་ནི་གསང་སྔགས་ཀྱི་ཆོས་ལུགས་ཁོ་ནར་བརྩིས་ནས་མི་གཞན་གྱིས་རྩ་བ་ནས་ལྟ་མི་ཆོག་པའི་གསང་བ་ཅན་ཞིག་ཡིན་པར་བཤད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།