2012ལོའི་བོད་ལྗོངས་ལོ་སར་དགོང་ཚོགས་སུ་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་རྒྱུ་ཡིན་པ།
ཟླ2པའི་ཚེས6ཉིན། བོད་རང་སྐྱོང་ལྗོངས་ཟློས་གར་འཁྲབ་སྟོན་རུ་ཁག་གིས2012ལོའི་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་དགོང་ཚོགས་ལ་སྟ་གོན་བྱས་པའི་ཟློས་གར་འཁྲབ་སྟོན་ལ་བོད་ལྗོངས་བརྙན་འཕྲིན་ཁང་བོད་ཀྱི་ལོ་སར་དགོང་ཚོགས་སྤྱིའི་འཁྲབ་ཁྲིད་པ་ཀོང་པོས་ཞིབ་བཤེར་གནང་ཞིང་། ཁོས་བཤད་རྒྱུར། ཐེངས་འདིའི་བོད་ཀྱི་ཟློས་གར་འཁྲབ་སྟོན་ནི་ང་ཚོས་ཆེད་དུ་སྟ་གོན་བྱས་པའི་འཁྲབ་སྟོན་ཞིག་ཡིན་པ་དང་ཆེས་རྣལ་མའི་སྲོལ་རྒྱུན་ཟློས་གར་དེ་མི་དམངས་ཀྱི་སྤྱན་ལམ་དུ་མངོན་ངེས་ཡིན། དེ་རིང་གི་འཁྲབ་སྟོན་ལ་བལྟས་ན་གཞི་རྩའི་སྟེང་བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་རུ་ཁག་གི་བསམ་པའི་འཁྱེར་སོ་དང་མཐུན་པས། ཞོལ་ནས་གླུ་གཞས་ཀྱི་ཚོན་རིས་སྟེང་འགྱུར་བཅོས་ཅུང་ཟད་བཏང་ན་ཆོག་པར་བཤད།
ཀོང་པོས་གསར་འགོད་པར་བཤད་རྒྱུར། ལོ་སྔོན་མ་རྣམས་ཀྱི་ཟློས་གར་ནི་ཆུ་ཚོད་སྐར་ཆ3ནས5བར་འཁྲབ་སྟོན་བྱེད་ཀྱི་ཡོད་པ་དང་། གླུ་གཞས་འཁྲབ་སྟོན་སྐར་ཆ4ལ་འཁྲབ་སྟོན་བྱེད་པ་ཡིན། ཡིན་ཡང་ད་ལོར་བོད་ཀྱི་ཟློས་གར་འཁྲབ་སྟོན་ལ་མ་ཐ་ཡང་སྐར་ཆ10ཡི་དུས་ཚོད་སྤྲད་ཅིང་། འཁྲབ་སྟོན་གྱི་རྣམ་པའི་སྟེང་ཀྱང་སྔོན་དང་མི་མཐུན་པར་སྣང་སྟེ་གློག་ཞུ་དང་སྒྲ་སྙན་སོགས་དེང་རབས་གླུ་གཞས་ཀྱི་ཆའམ་དེང་རབས་བྲོ་གར་གྱི་ཆ་མི་འདུག་པ་དང་། ཐམས་ཅད་སྲོལ་རྒྱུན་ཟློས་གར་གྱི་ཁྱད་ཆོས་མངོན་པར་ཐོན་པའི་ལག་པའི་འགུལ་སྟངས་དང་སྟངས་སྟབས་སོགས་བོད་ཀྱི་ཟློས་གར་རྣལ་མ་ཡིན་ཟེར།
བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་རུ་ཁག་གི་འགོ་གཙོ་ཟླ་ཚེ་དོན་འགྲུབ་ཀྱིས་བཤད་རྒྱུར། ཐེངས་འདིའི་ཟློས་གར་འཁྲབ་སྟོན་གྱི་མིང་ལ་གནས་སྐབས་སུ་ཆུ་འབྲུག་ལོ་ལ་བཀྲ་ཤིས་སྨོན་འདུན་ཞུ་ཞེས་བཏགས་ཤིང་། ཐེངས་འདིར་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་ལོ་སར་འཁྲབ་སྟོན་ཞིག་ཕུལ་ཆེད། རབས་གསུམ་ལ་ལེགས་འདེམས་བྱས་མཐར་ད་གཟོད་རྒན་དར་གཞོན་གསུམ་གྱི་ཕུལ་བྱུང་གླུ་བ་གཙོ་བོ6བདམས་ཡོད་པ་དང་། བསྡོམས་པས་འཁྲབ་སྟོན་པ68ཡོད།
ཟླ་ཚེ་དོན་འགྲུབ་ཀྱིས་མཚམས་སྦྱོར་བྱེད་རྒྱུར། བོད་ཀྱི་ཟློས་གར་འཁྲབ་སྟོན་བྱས་པར་བརྒྱུད་ཕུལ་དུ་བྱུང་བའི་བོད་ཀྱི་ཟློས་གར་རིག་གནས་དེ་མང་ཚོགས་རྣམས་ལ་མཚམས་སྦྱོར་གང་ལེགས་བྱེད་ཐུབ་པ་དང་། བོད་ཀྱི་ཟློས་གར་ལ་ཆེད་སྦྱོང་སློབ་གྲྭ་ཞིག་མེད་པས་རྒན་པས་གཞོན་པ་སྐྱེད་བསྲིང་བྱེད་པའི་ཐབས་ལམ་སྤྱད་ཀྱི་ཡོད། ད་སྔ་ཟློས་གར་རུ་ཁག་འདིའི་འཁྲབ་སྟོན་རྒན་པ་རྣམས་ཀྱི་སྒྱུ་རྩལ་ནུས་པ་ལེགས་པོར་འདུག་ཅིང་། འཁྲབ་སྟོན་གཞོན་པ་རྣམས་ཀྱང་གཙོ་ཤུགས་སུ་གྱུར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com