སྐུ་འབུམ་བྱམས་པ་གླིང་དུ་འཆམ་རྒྱག་པའི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།: དུས་ཚོད།:2012-02-09 09:22:00 ཀློག་གྲངས།:


ཕྱག་ཏུ་མཚོན་ཆ་བཟུང་ནས་འཆམ་རྒྱག་པ།

  ཟླ2པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་ཁོངས་སུ་མངའ་བའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་སྟེ་སྐུ་འབུམ་བྱམས་པ་གླིང་དུ་འཆམ་རྒྱག་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་རེད།


ཞལ་འབག་གྱོན་ཏེ་འཆམ་རྒྱག་པ།

ཞལ་འབག་གྱོན་ཏེ་འཆམ་རྒྱག་པ།

  འཆམ་རྒྱག་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་ཆོ་ག་གལ་ཆེན་ཞིག་ཡིན་ཞིང་། གྲྭ་བ་རྣམས་ཀྱིས་གདོང་ལ་ཞལ་འབག་གྱོན་པ་དང་། ལུས་ལ་ཚོན་མདོག་རྣམ་པར་འདྲ་བའི་རྒྱན་གོས་ཀྱིས་སྤྲས་ནས་རྔ་བརྡུང་སྦུབ་དཀྲོལ། དུང་དང་རྒྱ་གླིང་སོགས་རོལ་མོ་དཀྲོལ་ཐོག་སངས་རྒྱས་ཆོས་ལུགས་ཀྱི་གདངས་དབྱངས་རོལ་མོའི་འགྲོ་ལུགས་ལྟར་ལག་ཏུ་ཕྱག་མཚན་སྣ་ཚོགས་བསྣམས་ནས་གཡས་རྐྱང་དང་། གཡོན་སྐུམ། རྡོ་རྗེ་རྒྱ་གྲམ། དགའ་བ་འཁྱིལ་བ་སོགས་ཀྱི་རྐང་སྟབས་དང་། ལག་སྟབས། ལུས་ཀྱི་ཉམས་འགྱུར་སོགས་ཆོས་ལུགས་ཀྱི་གཞུང་ལས་བཤད་པའི་ལྷ་སྐུའི་རྣམ་འགྱུར་དང་ཕྱག་སྟབས་སོགས་དང་བསྟུན་ནས་ཞི་རྒྱས་དབང་དྲག་གི་རྣམ་པ་མཚོན་པར་བྱེད་པ་ཡིན། བོད་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་འཆམ་རྒྱག་པའི་སྲོལ་དར་བར་བཤད་པས་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ནོ། །


གྲྭ་བ་གཉིས་ཀྱིས་རྒྱ་གླིང་འབུད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།