མདོ་སྨད་གཙོས་སྲས་མཁར་དགུ་ཐོག་ཏུ་གོས་སྐུ་བཤམས་པ།
དགོན་པའི་བླ་གྲྭ་རྣམས་ཀྱིས་དུང་ཆེན་འབུད་བཞིན་གྲལ་སྒྲིག་སྟེ་གོས་སྐུ་བཤམས་པར་གྲ་སྒྲིག་བྱེད་པ།
གྲྭ་བ་མང་པོ་གྲལ་སྒྲིག་ནས་ཕྲག་ཏུ་གོས་སྐུ་འཁུར་ནས་འགྲོ་བ།
གོས་སྐུ་ཡོངས་སུ་བཤམས་ཚར་བ།
ཟླ2པའི་ཚེས4ཉིན་ཏེ་ལུགས་རྙིང་གི་ཟླ1པོའི་ཚེས13ཉིན། མདོ་སྨད་གཙོས་སྲས་མཁར་དགུ་ཐོག་ཏུ་གོས་སྐུ་བཤམས་པའི་ཆོས་ལུགས་ཀྱི་ཆོ་ག་ཆེན་པོ་ཞིག་སྤེལ་བ་རེད། ཉི་བཞོན་མཐོན་མཐིང་དབྱིངས་སུ་སེར་ལམ་ལམ་བྱེད་པའི་དུས་སུ་གོས་སྐུ་བཤམས་པའི་བྱེད་སྒོ་འགོ་བརྩམས་ཤིང་། དགོན་པའི་བླ་གྲྭ་རྣམས་ཀྱིས་དུང་ཆེན་འབུད་པ་དང་། ཆོས་གསུངས་པ། སེར་སྐྱ་ཕོ་མོ་རྣམས་ཀྱིས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་བ་སོགས་ཀྱི་རྟེན་འབྲེལ་ཀུན་འགྲིག་གི་དུས་ཕུན་སུམ་ཚོགས་པར་བསྡེབས་ནས་གོས་སྐུ་ཆེན་མོ་དེ་ང་ཚོའི་འདྲེན་བྱེད་ཀྱི་ལམ་དུ་རིམ་གྱིས་གསལ་ཡོང་།
རྒྱ་ལོའི་བཅུ་གསུམ་ཉིན་གྱི་གོས་སྐུ་བཤམས་པའི་ཆོ་ག་ནི་བོད་ཡུལ་ཆོལ་ཁ་གསུམ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཡོངས་སུ་ལོ་རེར་སྤེལ་བའི་བྱེད་སྒོ་ཆེས་གཙོ་བོ་ཞིག་ཡིན་ཞིང་། གོས་སྐུ་བཤམས་པའི་ཆོ་ག་མཇུག་སྒྲིལ་རྗེས་ཆོས་སྡེ་ཡོངས་སུ་འཆམ་རྒྱག་པ་དང་། མེ་ཏོག་མཆོད་པ་འབུལ་བ་སོགས་ཀྱི་བྱེད་སྒོ་རབས་དང་རིམ་པ་སྤེལ་བ་རེད།
གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ལོ་རེའི་གོས་སྐུ་བཤམས་པའི་སྐབས་སུ་མཆོད་མཇལ་དུ་ཡོང་བའི་མི་ཚོགས་མང་པོ་ཡོད་པར་མ་ཟད། ཕྱོགས་བཞི་མཚན་བརྒྱད་ནས་ཡོང་བའི་གནས་སྐོར་བ་ཡང་མང་བོ་ཞིག་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com