ཆུ་ཕོ་འབྲུག་ལོའི་མང་རྫོང་དཔྱིད་གསར་རིག་རྩལ་འཁྲབ་སྟོན་གྱི་པར་ཚོགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-10 10:41:00 ཀློག་གྲངས།:


སུམ་མདོ་ཡུལ་ཚོ་དང་མང་ཆུ་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག


སུམ་མདོ་ཡུལ་ཚོ་དང་མང་ཆུ་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན།


སུམ་མདོ་ཡུལ་ཚོ་དང་མང་ཆུ་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན།

          ལུགས་རྙིང་གི་ཟླ1པོའི་ཚེས13ཉིན།  མང་རྫོང་དཔྱིད་གསར་མང་ཚོགས་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་དེ་མང་ར་ཡུལ་ཚོའི་ཚབ་བྱེད་རུ་ཁག་གིས་འཁྲབ་སྟོན་བྱས་པའི་བྲོ་གར་ཆེན་པོ་སྟེ་བཀྲ་ཤིས་བའི་ཉིན་མོ་ཞེས་པ་ལས་བྱ་འགུལ་གྱི་འགོ་བརྩམས་ཤིང་།  རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ6ལྷག་གི་རོང་འབྲོག་ས་ཁུལ་གྱི་འཁྲབ་སྟོན་རུ་ཁག་རྣམས་སྣ་མང་གར་གྱི་སྟངས་སྟབས་ལ་བསྒྱུར་ཏེ་ཕུན་སུམ་ཚོགས་པའི་ལྟད་མོ་ཞིག་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་སྔར་ཕུལ། 


སུམ་མདོ་ཡུལ་ཚོ་དང་མང་ཆུ་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན།


མང་རྫོང་རིག་གནས་པུས་གཙོ་སྒྲུབ་གནང་བའི་རིག་རྩལ་བྱ་འགུལ། 

མཐེབ་རྩལ་འགྲན་བསྡུར། 

          ཚེས14ནས་ཚེས15བར།  རྒྱ་ལོ་བཅོ་ལྔའི་གློག་སྒྲོན་ལ་གཟིགས་པ་དང་སྐོར་བྲོའི་དགོང་ཚོགས་འཚོགས་ཤིང་།  མི་རིགས་གླུ་གར་འགྲན་བསྡུར་དང་སྟོང་མིའི་སྐོར་བྲོ་སོགས་རིག་རྩལ་འཁྲབ་སྟོན་ལས་གནས་འདིར་སྤྲོ་སྐྱིད་ཀྱི་དཔལ་ཡོངས་སུ་རྒྱས་ཤིང་འཆམ་མཐུན་གྱི་རྣམ་པ་ཞིག་ངང་གིས་བསྩལ་ཡོད། 


མང་ར་ཡུལ་ཚོ་དང་ཐར་ཤུལ་ཡུལ་ཚོ་གཉིས་ཀྱིས་རྩ་འཛུགས་བྱས་པའི་རིག་རྩལ་འཁྲབ་སྟོན། 


མང་ར་ཡུལ་ཚོ་དང་ཐར་ཤུལ་ཡུལ་ཚོ་གཉིས་ཀྱིས་རྩ་འཛུགས་བྱས་པའི་རིག་རྩལ་འཁྲབ་སྟོན། 


མཇུག་བསྒྲིལ་པ། 

          ཐེངས་འདིའི་རིག་རྩལ་ལ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་གླུ་གར་ལས་གཞན།  ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྲོལ་རྒྱུན་རིག་གནས་ལུས་རྩལ་མདའ་འཕེན་འགྲན་བསྡུར་དང་།  སྒྲ་བརྙན་སོགས་རྩེད་འཇོ་སྣ་མང་འདུས་ཤིང་། ས་འདིའི་མི་རྣམས་ཀྱི་ཉིན་འདི་འགའི་འཚོ་བ་བག་བྲོ་ཞིང་དཔལ་རྒྱས་པའི་ངང་སྐྱེལ་བ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།