འབའ་རྫོང་གིས་བོད་རབ་བྱུང17པའི་ཆུ་ཕོ་འབྲུག་ལོའི་ལོ་སར་སྤྲོ་ཚོགས་བསྡུས་པ།
མདོ་འཛིན་པས་སྤྲོ་ཚོགས་ལ་མདོ་འཛིན་བྱེད་བཞིན་པ།
གླུ་མ་རིག་འཛིན་སྒྲོལ་མས་སྤྲོ་ཚོགས་སྟེང་གླུ་ལེན་པ།
ཟླ2པའི་ཚེས10ཉིན། མཚོ་ལྷོ་ཁུལ་འབའ་རྫོང་གིས་ལོ་གསར་བའི་དུས་སྟོན་ལ་སྤྲོ་དགའི་རྣམ་པ་ཞིག་བསྐྲུན་པ་དང་མཉམ་དུ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་བར་དམིགས་ནས་བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག་ལོའི་ལོ་སར་སྤྲོ་ཚོགས་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་ལོ་སར་སྤྲོ་ཚོགས་ནི་འབའ་རྫོང་མི་དམངས་སྲིད་གཞུང་དང་རྫོང་ཨུས་གཙོ་སྒྲུབ་བྱས་པ་དང་། རྫོང་སློབ་གསོ་ཚན་རྩལ་རིག་གནས་ཅུས་འགན་སྒྲུབ་བྱས་པ་རེད།
གླུ་མ་གཡང་ཕྱུག་མཚོས་གླུ་ལེན་བཞིན་པ།
སྤྲོ་དགའི་ངང་སྐྱིད་པའི་རྡོག་བྲོ་འཁྲབ་བཞིན་པ།
གླུ་མ་ཕུལ་བྱུང་སྒྲོལ་མས་སྙན་གླུ་ལེན་བཞིན་པ།
ཐེངས་འདིའི་ལོ་སར་སྤྲོ་ཚོགས་སྟེང་བོད་ཀྱི་གླུ་མ་གྲགས་ཅན་རིག་འཛིན་སྒྲོལ་མ་དང་། ཕུལ་བྱུང་སྒྲོལ་མ། གཡང་ཕྱུག་མཚོ་སོགས་གདན་འདྲེན་བྱས་ནས་ཡུལ་དེ་གའི་མང་ཚོགས་རྣམ་པའི་རྣ་བའི་གསོས་སུ་འགྱུར་བའི་གླུ་གཞས་སྙན་མོ་ཕུལ་བས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ། དེར་མ་ཟད་རོང་འབྲོག་ས་ཁུལ་གྱི་མང་ཚོགས་རྣམས་གདན་འདྲེན་བྱས་ཏེ་སྒྲ་སྙན་རྡུང་ལེན་དང་། དམངས་གླུ། ཨ་རྩེད་སོགས་རོང་ཁུལ་དང་འབྲོག་ཁུལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ལྟ་བས་མི་ངོམས་པའི་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་པ་རེད།
ཐེངས་འདིའི་ལོ་སར་སྤྲོ་ཚོགས་ཀྱིས་མང་ཚོགས་ཀྱི་མིག་གི་དགའ་སྟོན་དང་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པོར་བཏང་བར་མ་ཟད། ཡུལ་དེ་གའི་སྲོལ་རྒྱུན་གྱི་རྩེད་སྲོལ་དང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་མང་ཞིག་རྒྱུན་འཛིན་བྱེད་པར་ནུས་པ་ཆེན་པོ་ཐོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com