བོད་ལྗོངས་ཀྱིས་རིག་རྩལ་འཁྲབ་སྟོན་བརྒྱ་བཅུ་ལྷག་སྤེལ་འཆར་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-13 10:13:00 ཀློག་གྲངས།:

          བོད་རང་སྐྱོང་ལྗོངས་རིག་གནས་ཐཱིན་ནས་རྒྱུས་ལོན་པ་ལྟར་ན།  བོད་ལུགས་ལོ་སར་སྐབས་སུ་བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་ཆེད་ལས་སྒྱུ་རྩལ་ཚོགས་པས་རྒྱ་ཆེ་བའི་མཁར་གྲོང་གི་ངལ་རྩོལ་མི་སྣ་དང་།  མཁར་གྲོང་སྡོད་དམངས།  རྒན་གསོ་ཁང་གི་ལོ་ལོན་རྒན་པ་སོགས་སྤྱི་ཚོགས་རིམ་གྲས་ཁག་གི་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན80ལྷག་ཕུལ་རྒྱུ་ཡིན་པ་དང་།  དེའི་མཚུངས་སུ་མང་ཚོགས་འཁྲབ་སྟོན་ཚོགས་པ་རྩ་འཛུགས་བྱས་ཏེ་ཡར་བསྐྱེད་ཀྱི་རོལ་རྩེད་རིག་གནས་བྱ་འགུལ་སྤེལ་པར་བརྒྱུད་གཞི་རིམ་མང་ཚོགས་ཀྱི་དུས་སྟོན་རིག་གནས་ཕུན་སུམ་ཚོགས་པར་བྱེད་རྒྱུ་ཡིན་པ་རེད། 
          རྒྱུས་ལོན་བྱུང་བ་ལྟར་ན།  བོད་ལུགས་ལོ་སར་གྱི་སྔ་གཞུག་ཏུ་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་དྭ་ཕྲུག་གླིང་དང་སྡོད་ཁུལ་དག་ལ་བྲོ་གར8འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་།  ཆབ་མདོ་ས་ཁུལ་སྒྱུ་རྩལ་ཚོགས་པས་བོད་ལུགས་ལོ་སར་དགོང་ཚོགས་དང་གྲོང་གསེབ་ཏུ་དུས་སྟོན་འཚམས་འདྲིའི་འཁྲབ་སྟོན10དང་།  ཉིང་ཁྲི་ས་ཁུལ་གྱི་སྒྱུ་རྩལ་ཚོགས་པ་བལ་བོར་སྐྱོད་དེ་གླུ་གར་འཁྲབ་སྟོན་བྱེད་པ་དགེ་མཚན་གཙོར་བཟུང་སྟེ་གཞི་རིམ་འཚམས་འདྲི་འཁྲབ་སྟོན16ལྷག་འཆར་འགོད་བྱེད་ཀྱི་ཡོད་པ་དང་།  ནག་ཆུ་ས་ཁུལ་གྱི་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན10ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་བོད་ལུགས་ལོ་སར་རིག་རྩལ་དགོང་ཚོགས་སྤེལ་འཆར་ཡོད་པ། ལྷོ་ཁ་ས་ཁུལ་གྱིས་གཞི་རིམ་འཚམས་འདྲིའི་འཁྲབ་སྟོན་ཕུད་སྐབས་དང་པོའི་བོད་ལུགས་ལོ་སར་བརྙན་འཕྲིན་རིག་རྩལ་དགོང་ཚོགས་ཏེ་ཞི་མཐུན་ཡར་ཀླུང་ཞེས་པ་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད་ཅིང་།  གཞིས་ཀ་རྩེའི་སྒྱུ་རྩལ་ཚོགས་པས་བོད་ལུགས་ལོ་སར་གྱི་བརྙན་འཕྲིན་རིག་རྩལ་འཁྲབ་སྟོན་སྤེལ་པའི་རྨང་གཞིའི་སྟེང་ལོ་སར་སྔ་གཞུག་ཏུ་གཞི་རིམ་འཚམས་འདྲིའི་འཁྲབ་སྟོན18ལྷག་འཁྲབ་འཆར་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།