བོད་ལྗོངས་ཀྱིས་དེང་རབས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་བྱེད་པ།
ལས་བྱེད་མི་སྣས་སྐྱོན་ཤོར་བའི་དཔེ་རྙིང་དག་བསྐྱར་གསོ་བྱེད་བཞིན་པ།
བོད་ཡིག་དཔེ་རྙིང་བསྡུ་ཉར་དཔར་ཁང་གིས་ཐོ་འགོད་བྱས་པའི་ཚོང་རྟགས།
བོད་ལྗོངས་ཀྱི་སེ་ར་དགོན་པ་དང་གཙུག་ལག་ཁང་གཉིས་ཀྱིས་བོད་ཡིག་དཔེ་རྙིང་དང་བསྟན་བཅོས་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པར་དགོངས་ནས་སྤྱི་ལོ2006ལོར་སྒོར་ས་ཡ3བཏང་ནས་བོད་ཡིག་དཔེ་རྙིང་དང་བསྟན་བཅོས་བསྡུ་ཉར་བྱེད་པའི་དཔར་ཁང་ཞིག་བཙུགས་པ་རེད། མིག་སྔའི་བར་དུ་ཕོ་བྲང་པོ་ཏ་ལ་དང་། སེ་ར་དགོན་པ། ནོར་བུ་གླིང་ག་སོགས་སུ་ཉར་ཚགས་བྱས་ཡོད་པའི་བོད་བརྒྱུད་ནང་བསྟན་དང་། སྐར་རྩིས། མཚན་ཉིད་རིག་པ། གསོ་བ་རིག་པ་སོགས་ཀྱི་བོད་ཡིག་དཔེ་རྙིང328ལྷག་ལེགས་སྒྲིག་དང་པར་སྐྲུན་བྱས་ཤིང་། རྩིས་འཁོར་དུ་ནང་འཇུག་བྱས་ཏེ་སྔ་རྗེས་སུ་པར་སྐྲུན་བྱེད་གྲབས་ཡོད་པའི་སྔོན་བྱུང་བསྟན་བཅོས་གྲགས་ཅན་དང་དཔེ་དཀོན3000ལྷག་ཡོད་ལ། པར་སྐྲུན་བྱས་པའི་བསྟན་བཅོས་དག་དགོན་སྡེ་སོ་སོ་དང་། སློབ་གྲྭ། རིགས་སོ་སོའི་ཞིབ་འཇུག་ཁང་སོགས་སུ་བསྡུ་ཉར་དང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།
ལས་བྱེད་མི་སྣས་དཔེ་རྙིང་དག་གློག་རྡུལ་འདྲ་བཤུ་བྱེད་བཞིན་པ།
ལས་བྱེད་མི་སྣས་སྐྱོན་ཤོར་བའི་དཔེ་རྙིང་དག་བསྐྱར་གསོ་བྱེད་བཞིན་པ།
བོད་ཡིག་དཔེ་རྙིང་དག་པར་ལེན་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com