མཚོ་སྔོན་རིག་གནས་དུས་འཁོར་ཞེས་པའི་བྱ་འགུལ་དེ་ཧྥེ་ལི་ཕིན་གྱི་རྒྱལ་ས་རུ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-15 10:13:00 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་ལོ་ཧོས་ཉིན་གྱིས་གཏམ་བཤད་གནང་བ།

           ཟླ2པའི་ཚེས13ཉིན་གྱི་དགོང་མོ།  ཀྲུང་ཧྥེ་རྒྱལ་ཁབ་གཉིས་བར་གྱི་རིག་གནས་ཡུལ་སྐོར་འབྲེལ་འདྲིས་དང་མཉམ་འབྲེལ་ལ་ཤུགས་སྣོན་པར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་སྡོད་ཧྥེ་ལི་ཕིན་གཞུང་ཚབ་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་སྟེ“མཚོ་སྔོན་རིག་གནས་དུས་འཁོར”ཞེས་པའི་བྱ་འགུལ་ཞིག་ཧྥེ་ལི་ཕིན་གྱི་རྒྱལ་ས་མཱ་ཉི་ལའི་གསོལ་མགྲོན་ཁང་ཆེན་མོ་རུ་སྤེལ་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་ལོ་ཧོས་ཉིན་དང་།  ཀྲུང་གོར་སྡོད་པའི་ཧྥེ་ལི་ཕིན་གྱི་གཞུང་ཚབ་པ་མཱ་ཁི་ཆིན་སོགས་འབྲེལ་ཡོད་འགོ་ཁྲིད་རྣམ་པ།  དེ་མིན་ཧྥེ་ལི་ཕིན་གྱི་ལས་རིགས་སོ་སོའི་མི་སྣ་གང་མང་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་རེད།


གཞུང་ཚབ་པ་མཱ་ཁི་ཆིན(གཡོན་ཕྱོགས་ཀྱི་གཉིས་པ)གྱིས་བོད་ཀྱི་
སྲོལ་རྒྱུན་མཛེས་རིས་ལ་གཟིགས་བཞིན་པ།

           མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་ལོ་ཧོས་ཉིན་གྱིས་ད་ལོ་ནི“ཀྲུང་ཧྥེ་རིག་གནས་མཛའ་འབྲེལ་གྱི་ལོ”ཡིན་པ་དང་།  འདི་ལྟ་བུའི་གོ་སྐབས་དམ་འཛིན་སྒོས་ཀྲུང་ཧྥེ་རིག་གནས་མཛའ་འབྲེལ་བྱེད་པར་བརྒྱུད་རིག་གནས་བྱ་འགུལ་ལ་རྒྱལ་ཁབ་གཉིས་ཀའི་མང་ཚོགས་རྣམས་ཀྱི་དགའ་ཞེན་དང་རྒྱབ་སྐྱོར་ཐོབ་པར་བརྩོན་རྒྱུ་ཡིན་པ་བསྟན།


བོད་ཀྱི་གླུ་བ་རྡོ་རྗེ་ཚེ་བརྟན་གྱིས་མཚོ་བོད་མཐོ་སྒང་ཞེས་པའི་གླུ་ལེན་པ།

           གཞུང་ཚབ་པ་མཱ་ཁི་ཆིན་གྱིས་བཤད་རྒྱུར།  དཔལ་འབྱོར་ཚོང་འབྲེལ་དང་།  མ་དངུལ་གཏོང་བ།  ཡུལ་སྐོར།  དེ་མིན་རིག་གནས་མཛའ་འབྲེལ་སོགས་ཀྱི་ཐད་ནས་ཕན་ཚུན་གཏིང་ཟབ་སྒོས་མཉམ་འབྲེལ་བྱས་ཡོད་ཅིང་། རིག་གནས་ཤིག་ཁེར་རྐྱང་གི་གནས་བབས་སུ་འཕེལ་རྒྱས་འབྱུང་དཀའ་བས་མཚོ་སྔོན་གྱི་ཁྱད་འཕགས་མཐོ་སྒང་རིག་གནས་ལས་ཧྥེ་ལི་ཕིན་མི་དམངས་ལ་ཚོར་བ་ཟབ་མོ་ཞིག་འཇོག་པར་སྨོན་ཟེར།


བོད་ཀྱི་གླུ་གར་འཁྲབ་སྟོན་པས་མཐོ་སྒང་གི་དཔྱིད་དཔལ་ཞེས་པའི་གར་འཁྲབ་པ།

           ཐེངས་འདིའི་བྱ་འགུལ་སྟེང་།  བོད་ཀྱི་སྲོལ་རྒྱུན་མཛེས་རིས་དང་།  བྲོ་གར།  དམངས་ཁྲོད་སྒྱུ་རྩལ་སོགས་ཀྱིས་གནས་དེའི་མང་ཚོགས་ཀྱི་ཡིད་དབང་རབ་ཏུ་གསོས་ཏེ་དགའ་བསུ་ཆེན་མོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།