གཡང་དྲུང་རྒྱལ་དང་སློབ་ཕྲུག་དབང་མོ་གཉིས་ཀྱིས་བོད་ལུགས་ལོ་སར་ལ་ངོ་མཚར་བསྐྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-15 11:43:00 ཀློག་གྲངས།:


གླུ་མ་དབང་མོ།

          ཉེ་ལམ།  2012ལོའི་བོད་ལུགས་ལོ་སར་དགོང་ཚོགས་དེ་ཁམས་པའི་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་གནང་ཞིང་།  བོད་ཀྱི་གླུ་བ་གླུ་མ་གང་མང་གདན་འདྲེན་བྱས་ཡོད་དེ།  དབྱངས་ཅན་ལྷ་མཛེས་དང་།  ཨ་ལན་ཟླ་བ་སྒྲོལ་མ།  འཇམ་དབྱངས་སྒྲོལ་མ།  ཤམ་བྷ་ལ་ཚན་སྡེབ།  བསམ་ཁོ།  བཀྲ་ཤིས་ཉི་མ་སོགས་ཡུལ་དངོས་སུ་སླེབས་ཡོད་པ་དང་།  བོད་ལུགས་ལོ་སར་གྱི་སྐུ་མགྲོན་གཡང་དྲུང་རྒྱལ་དང2009ལོའི་སྐར་འོད་བཞུད་ལམ་གྱི་རྩེར་སོན་མཁན་བོད་རིགས་གླུ་མ་དབང་མོ་གཉིས་ཀྱིས་ཀྱང་ཡུལ་དངོས་གཟིགས་མོ་བ་ཡོངས་ལ་སྙན་འཇེབས་ཀྱི་གླུ་གཞས་ཕུལ་པ་རེད།
          རྒྱུས་ལོན་པ་ལྟར་ན།  ཕབ་སྐྲུན་བྱེད་པའི་ཉིན་གཉིས་ནང་། གཡང་དྲུང་རྒྱལ་དང་དབང་མོ་གཉིས་ངོ་མ་འཕྲད་ཀྱང་ཚང་མའི་རྣ་ལམ་དུ་རྒྱུན་འབྱམས་སུ་གྱུར་བའི《རང་བྱུང་བརྩེ་གླུ》ཞེས་པའང་བླངས་མེད་པ་དང་།  གཙོ་སྒྲུབ་བྱེད་མཁན་གྱིས་ཀྱང་ཐེངས་འདིའི་དགོང་ཚོགས་ནི་ཚང་མར་མཚོན་ན་ངོ་མཚར་ཅན་ཞིག་ཡིན་ངེས་ཞེས་བསྟན་པ་ལས་ཞིབ་ཕྲའི་འཁྲབ་སྟོན་གསལ་བསྒྲགས་མ་བྱས་རྐྱེན།  ཐེངས་འདིར་ཡུལ་དངོས་སུ་ཁོང་གཉིས་ཀྱིས་བོད་ཀྱི་རྒྱན་ཆས་སྤྲས་ནས་གླུ་གཞས་ཕུལ་པར་བརྙན་འཕྲིན་ཕབ་སྐྲུན་ཡང་ཡིད་ཚིམ་པར་བྱས་ཡོད།
          བོད་ལུགས་ལོ་སར་ནི་བོད་རིགས་མི་དམངས་ལ་མཚོན་ན་ལོ་གཅིག་ནང་ཆེས་གལ་ཆེ་བའི་དུས་སྟོན་ཞིག་ཡིན་པ་དང་། འདི་ལྟ་བུའི་དགོང་ཚོགས་སྟེང་།  བོད་ཀྱི་གླུ་བ་གླུ་མ་ཚོའི་གླུ་གཞས་ལ་གཟིགས་མོ་བའི་དགའ་བསུ་ཐོབ་པ་མ་ཟད། གཡང་དྲུང་རྒྱལ་དང་དབང་མོ་གཉིས་ཀྱི་ངོ་མཚར་སྐྱེལ་ཡོང་བའི་གླུ་གཞས་ལའང་སྤྲོ་བ་ཆེན་པོས་ལྟེམས།   
          དགོང་ཚོགས་འདི་ནི་ཟླ2པའི་ཚེས21ཉིན་གྱི་དགོང་མོ་སྟེ་བོད་ལུགས་ཀྱི་ཚེས30ཉིན་ཁམས་པའི་བརྙན་འཕྲིན་ལེ་ཚན་དུ་གཏོང་རྒྱུ་ཡིན་པ་དང་།  འདིར་བོད་ཀྱི་སྲོལ་རྒྱུན་གྲུབ་ཆ་མང་པོ་འདུས་ཤིང་།  གླུ་བ་གླུ་མའང་མིང་གྲགས་གང་མང་ཞུགས་ཡོད་པ་དང་།  དེ་མིན་བོད་ཀྱི་མིང་གྲགས་རྡུང་ལེན་པ་དཔལ་མགོན་སོགས་གདན་འདྲེན་ཞུས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།