རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་རིག་དངོས་ལས་དོན་འཕེལ་རྒྱས་ཐད་མ་དངུལ་སྒོར་དུང་ཕྱུར17གཏོང་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-19 12:11:00 ཀློག་གྲངས།:
              རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས“ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོབ་འཆར་འགོད་ལས་གཞི་དང་མ་དངུལ་གཏན་ཁེལ་བྱས་ཚར་པ་སྟེ། ལས་གཞིའི་ཁོངས་སུ་ཉེ་རབས་ཀྱི་ལོ་རྒྱུས་གནས་ཤུལ་གལ་ཆེན་དང་ཚབ་མཚོན་རང་བཞིན་གྱི་བཟོ་བཀོད་སྲུང་སྐྱོབ་དང་། རིག་དངོས་རྩ་ཆེན་གྱི་སྲུང་སྐྱོབ་སྒྲིག་བཀོད་འཛུགས་སྐྲུན། ས་གནས་དང་གྲོང་ཁྱེར་ཁ་ཤས་ཀྱི་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་སོགས་རིགས44འདུས་ཤིང་། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར9.3གཏོང་རྒྱུ་རེད། དེའི་རྨང་གཞིའི་སྟེང་རྒྱལ་ཁབ་རིག་དངོས་ཅུས་ཆོག་མཆན་གནང་ནས་ཡང་བསྐྱར་སྒོར་དུང་ཕྱུར8བསྣན་ནས་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ཐད་ལ་གཏོང་རྒྱུ་རེད།
              བོད་ལྗོངས་ནི་རྒྱལ་ཡོངས་སུ་རིག་དངོས་རྩ་ཆེན་མངའ་བའི་ཞིང་ཆེན་ཞིག་ཡིན་ལ། དེར་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་རིག་དངོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་རེད། རྒྱལ་ཡོངས་ཀྱི་རིག་དངོས་རྩིས་བཤེར་ཐེངས་གསུམ་པའི་སྐབས་སུ་བོད་ལྗོངས་ལ་བརྟག་དཔྱད་དང་ཐོ་འགོད་བྱས་པའི་རིག་དངོས་གནས་གཞི4277ཡོད་པ་དང་། དེ་ལས་གསར་དུ་རྙེད་པའི་རིག་དངོས་གནས་གཞི3000ལ་ཉེ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།