མི་རིགས་ཀྱི་བྲོ་གར་ཆེན་མོ《འཛམ་གླིང་གེ་སར་རྒྱལ་པོ》ཟླ3པར་པེ་ཅིང་དུ་འཁྲབ་སྟོན་བྱེད་རྒྱུ་རེད།
མི་རིགས་ཀྱི་བྲོ་གར་ཆེན་མོ《འཛམ་གླིང་གེ་སར་རྒྱལ་པོ》།
རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ“གེ་སར་རྡོ་བརྐོས་མཚོན་རིས”རྒྱུན་འཛིན་བྱེད་པའི་རྒན་པོ་དེས་ཁྱད་དུ་འཕགས་པའི་རྡོ་བརྐོས་བཟོ་རྩལ་ལས་གེ་སར་གྱི་སྣང་བརྙན་གསོན་ཉམས་ལྡན་པའི་ངང་བརྗོད་བྱུང་།
ཟླ3པའི་ཚེས13ནས་ཚེས15བར་དུ། བོད་མི་རིགས་ཀྱི་ལོ་རྒྱུས་སྙན་ངག《འཛམ་གླིང་གེ་སར་རྒྱལ་པོ》རྒྱུ་ཆར་བྱས་ནས་བགྲང་བྱ་གསུམ་གྱི་རིང་དུ་གསར་རྩོམ་བྱས་པའི་མི་རིགས་ཀྱི་བྲོ་གར་ཆེན་མོ《འཛམ་གླིང་གེ་སར་རྒྱལ་པོ》ཞེས་པ་པེ་ཅིང་གི་རྒྱལ་ཁབ་ཀྱི་གློག་བརྙན་ཁང་ཆེན་མོར་འཁྲབ་སྟོན་བྱེད་རྒྱུ་རེད། བྲོ་གར་འདིས་གེ་སར་སྒྲུང་གི་སྒྲུང་གྱེར་བ་དང་ཞབས་བྲོ་མཚོན་ཐབས་སུ་བྱས་ཐོག རྒན་པ་ཞིག་གི་རྡོ་བརྐོས་བཟོ་རྩལ་ལ་བརྟེན་ནས་འཛམ་གླིང་རིག་གནས་བང་མཛོད་དུ་གཟི་འོད་འཕྲོ་བའི་གེ་སར་སྒྲུང་རིང་དང་བོད་མི་རིགས་ཀྱི་རིག་གནས་ཡང་བསྐྱར་མངོན་མཚོན་བྱས་པར་བརྒྱུད་གསེར་རྟ་རྩ་ཐང་གི་བོད་དམངས་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བརྗོད་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com