ཉག་རོང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཞིབ་འཇུག་བགྲོ་གླེང་གྲོས་ཚོགས་བསྡུས་པ།
མཚལ་མདངས་བཀྲ་བའི་ཉག་རོང་།
མཚལ་མདངས་བཀྲ་བའི་ཉག་རོང་།
མཚལ་མདངས་བཀྲ་བའི་ཉག་རོང་།
མཚལ་མདངས་བཀྲ་བའི་ཉག་རོང་།
མཚལ་མདངས་བཀྲ་བའི་ཉག་རོང་།
སྤྱི་ཟླ8པའི་ཚེས6ནས8ཉིན་བར། རྒྱལ་ཡོངས་ཀྱི་ས་རིམ་དམར་པོ་དང་མཚལ་རི་ཆགས་ཚུལ་གྱི་རིག་གཞུང་བགྲོ་གླེང་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་ཉག་རོང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཞིབ་འཇུག་བགྲོ་གླེང་གྲོས་ཚོགས་ཉག་རོང་རྫོང་དུ་འཚོགས་འགོ་ཚུགས་པ་རེད།
ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ནི་ཀྲུང་གུང་ཉག་རོང་རྫོང་ཨུ་དང་རྫོང་སྲིད་གཞུང་། ཀྲུང་གོའི་ས་གཤིས་རིག་པའི་སློབ་ཚོགས་ས་རིམ་དམར་པོ་དང་མཚལ་རི་ཞིབ་འཇུག་ལས་དོན་ཚོ་ཆུང་། ཀྲུང་ཧྲན་སློབ་ཆེན་ས་གཤིས་ཚན་རིག་དང་འཆར་འགོད་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས།
ཀྲུང་གུང་ཉག་རོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་ཉག་རོང་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་སྒྲུབ་འགན་ཁུར་ཞིང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས། ཡུལ་སྐོར་བདག་གཉེར་སྡེ་ཚན་བཅས་ཀྱི་ས་རིམ་དམར་པོ་དང་མཚལ་རིའི་ཞིབ་འཇུག་ཆེད་རམས་པ80ལྷག་ཞུགས་ཡོད།
ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ཀྱི་གཙོ་དོན་ནི། ས་རིམ་དམར་པོ་དང་མཚལ་རིར་ཚན་རིག་ཞིབ་འཇུག་དང་དེའི་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་ཇི་ལྟར་བྱ་དགོས་པའི་སྐོར་ཡིན་པ་རེད།
ཆེད་རམས་པ་ཚོས་ས་རིམ་དམར་པོ་དང་མཚལ་རིའི་ས་བབ་ཀྱི་རྩ་བའི་རིགས་གཞུང་དང་ཐབས་ཤེས། ཞིབ་འཇུག་གནས་ཚུལ། ས་རིམ་དམར་པོ་དང་མཚལ་རིའི་ས་བབ་ཁུལ་གྱི་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རིགས་གཞུང་དང་ལག་ལེན་བཅས་ལ་གཞིར་བཟུང་ནས་རིག་གཞུང་བགྲོ་གླེང་བྱ་རྒྱུ་རེད།
གྲོས་ཚོགས་འཚོག་རིམ། ཆེད་རམས་པ་ཚོ་ད་དུང་མཚོ་འཕགས་སྨི4200ལྷག་ཡོད་པའི་བཞི་མདོ་ཡུལ་ཚོའི་མཚལ་རི་ཆགས་ཚུལ་ལྗོངས་ཁུལ་དུ་ཕྱིན་ནས་རྟོག་ཞིབ་བྱ་རྒྱུ་དང་། དེ་མིན་ཁམས་ཀྱི་ཟམ་པ་དང་པོ་སྟེ་སྤང་རིང་ཟམ་པ་དང་། ཁ་བ་ལུང་རི། ཀླུ་མོ་དགོན་སོགས་ལྗོངས་གནས་སུ་འགྲོ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།