བྲག་དཀར་རྫོང་རོང་འབྲོག་མང་ཚོགས་ཀྱིས་མདའ་འཕེན་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་པ།
མདའ་མོ་གཞུ་ལ་འགུག་པའི་ཚུལ།
ཟླ2པའི་ཚེས20ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རོང་འབྲོག་མང་ཚོགས་ཀྱིས་མདའ་འཕེན་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཏེ་བོད་ཆུ་འབྲུག་ལོའི་ལོ་སར་བསུ་ཞིང་། འགྲན་བསྡུར་ར་བ་རུ་འགྲན་ཞུགས་པ་དང་མང་ཚོགས་རྣམས་སྤྲོ་སེམས་འཁོལ་བའི་ངང་མདའ་འཕེན་གྱི་རྩེད་འཇོ་ལ་རོལ་བ་ཡིན།
དེ་ཡང་མདའ་རྩེད་བྱེད་པ་ནི་བོད་མི་རིགས་ཀྱི་དུས་རྒྱུན་འཚོ་བའི་ནང་རིག་རྩལ་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ཏེ། དེས་མི་རིགས་འདིའི་རིག་གནས་དང་འཚོ་བའི་གོམས་གཤིས་ཤིག་དང་། ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པའི་མི་རིགས་ཀྱི་རྩེད་འཇོ་རྣམ་པ་ཞིག་ཀྱང་མངོན་པར་དོད་ཡོད།
མདའ་རྩེད་བྱེད་སྐབས་མདའ་ར་རུ་གོ་རིམ་བཞིན་ཐོག་མར་མ་འདེམས་པ་དང་སྐོར་བ་བྱེད་པ། སྐུ་ཡ་འདེམས་པ། དེ་ནས་སྐུ་ཡ་ཆ་ལྡབ་ནས་འགྲན་བསྡུར་བྱེད་ཅིང་མདའ་ལྔ་ཕོག་ཚེ་མ་གཅིག་ལོངས་ནས་མ་བསུ་བ་ཡིན། དེ་མིན་མདའ་འཕེན་གྱི་གོ་རིམ་ཁྲོད་ཕན་ཚུན་ཀུ་རེའི་ཚུལ་ཀྱིས་མིང་སྣ་ཚོགས་འདོགས་པའི་སྲོལ་ཡང་ཆགས་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com