ས་གནས་སོ་སོ་ནས་བོད་ཀྱི་ལོ་སར་ཞེས་པའི་རིག་གནས་གསོལ་སྟོན་གྱི་བྱ་འགུལ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-23 10:02:00 ཀློག་གྲངས།:

           ཟླ2པའི་ཚེས22ཉིན་ནི་བོད་ཆུ་འབྲུག་ལོའི་བཀྲ་ཤིས་དུས་བཟང་གི་ལོ་སར་ཉིན་མོ་ཡིན་ཞིང་།  རྒྱ་ཆེ་བའི་བོད་རིགས་མང་ཚོགས་རྣམས་མི་རིགས་ཀྱི་སྲོལ་རྒྱུན་དུས་སྟོན་ལ་རོལ་བ་དང་།  ས་གནས་སོ་སོ་ནས་རྣམ་པ་ཕུན་སུམ་ཚོགས་པའི་མང་ཚོགས་རིག་གནས་ཀྱི་བྱ་འགུལ་སྤེལ་པ་རེད། 
           རྒྱུས་ལོན་པ་ལྟར་ན། ཡུལ་ཤུལ་ཁུལ་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས“ཡུལ་ཤུལ་སྤྲོ་གླུ”ཞེས་པའི་སྤྲོ་ཚོགས་བསྡུས་ཤིང་། ཡུལ་ཤུལ་མི་རིགས་དམངས་ཁྲོད་གླུ་གར་ཚོགས་པ་དང་དམངས་ཁྲོད་རིག་རྩལ་པ་དག་གིས་རིག་རྩལ་གྱ་ནོམ་པ་ཞིག་འཁྲབ་སྟོན་བྱས་པ་དང་། མཚོ་ལྷོ་ཁུལ་གྱིས་སྲོལ་རྒྱུན་མི་རིགས་རིག་རྩལ་ཆེད་ཚོགས་དང་།  གླུ་བ་གླུ་མ་གདན་དྲངས་ཏེ་བོད་ཀྱི་དམངས་གླུ་འགྲན་བསྡུར།  དེ་མིན་སྐོར་བྲོ་ཆེན་མོ་འཁྲབ་སྟོན། དམངས་ཁྲོད་མདའ་རྩལ་སོགས་ཁྱད་ཆོས་དོད་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་ལ།    མགོ་ལོག་ཁུལ་གྱིས་རིག་རྩལ་འཁྲབ་སྟོན་དང་།  ལྒང་ལི་འགྲན་བསྡུར།  སྐོར་བྲོའི་དགོང་ཚོགས་སོགས་ཀྱི་བྱ་འགུལ་གང་མང་སྤེལ།  དེ་མིན་རྨ་ལྷོ་ཁུལ་གྱིས་མང་ཚོགས་རིག་གནས་བྱ་འགུལ་སྤེལ་པའི་དུས་མཚུངས་སུ་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་དང་། ཐང་ག   གཙགས་དྲུབས་འགྲེམ་སྟོན་སོགས་བྱེད་སྒོ་སྤེལ་ཏེ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཡངས་བའི་རེབ་གོང་རིག་གནས་ལ་ངེས་གསལ་ཡངས་བོ་བྱུང་། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།