ལོ་གསར་བའི་བཀྲ་ཤིས་དུས་བཟང་བསུས་ནས་མ་འོངས་བའི་བདེ་སྐྱིད་ཀྱི་འཚོ་བར་སྙེག་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-23 10:43:00 ཀློག་གྲངས།:


ལོ་སར་དུས་སྟོན་གྱི་རིག་རྩལ་འཁྲབ་སྟོན་སྤེལ་བཞིན་པ།

  ཟླ2བའི་ཚེས21ཉིན། བོད་རིགས་དང་། ཆཱང་རིགས། རྒྱ་རིགས་སོགས་མི་རིགས་སོ་སོའི་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་ཏེ་རྔ་བ་ཁུལ་རིག་གནས་ཁང་ཐང་ཆེན་དུ་མཉམ་དུ་འཛོམས་ནས་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་དུས་སྟོན་གྱི་དཔལ་ལ་རོལ།


མང་ཚོགས་ཀྱིས་སྐྱིད་པའི་སྐོར་བྲོ་འཁྲབ་བཞིན་པ།

ལུས་ལ་གཟབ་མཆོར་སྤྲས་ནས་ལྟད་མོར་ལྟ་བཞིན་པ།

  《བཀྲ་ཤིས་བསྟོད་གླུ》ཞེས་པའི་གླུ་གཞས་དེ་དང་བསྡོངས་ནས་འབར་ཁམས་ས་ཁུལ་གྱི2012ལོའི་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་བསུ་བའི་སྤྲོ་ཚོགས་ཆེན་མོའི་འགོ་བརྩམས་ཤིང་། ཁུལ་མི་རིགས་གླུ་གར་ཚོགས་པ་དང་། རྒྱ་རོང་སྐོར་བྲོ་མཐུན་ཚོགས། རྒྱ་རོང་སྐོར་བྲོ་ཁྱབ་སྤེལ་ལྟེ་གནས། རྔ་བ་ཡན་ལག་དམག་ཁུལ་སོགས་ཀྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་རིག་རྩལ་འཁྲབ་སྟོན་ཚར་དུ་དངར་བ་མང་ཚོགས་ཀྱི་སྤྱན་ལམ་དུ་ཕུལ་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་སྤྲོ་བསམ་བརྗོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ལོ་སར་དུས་སྟོན་གྱི་སྐབས་སུ་རྔ་བ་ཁུལ་གྱིས་མང་ཚོགས་རྣམས་སྤྲོ་བ་ཆེན་པོ་ཡོད་པའི་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ནས་བོད་དམངས་རྣམས་སྤྲོ་སྐྱིད་ལྡན་པའི་དུས་སྟོན་ཞིག་རོལ་དུ་འཇུག་པར་ཁག་ཐེག་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།