“བདེ་སྐྱིད་ཀྱི་ལྷ་ས”ཞེས་པའི་ཚད་ལྡན་ཞབས་བྲོའི་རིག་གནས་བྱ་འགུལ་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-24 09:01:00 ཀློག་གྲངས།:


“བདེ་སྐྱིད་ཀྱི་ལྷ་ས”ཞེས་པའི་མང་ཚོགས་རང་བཞིན་གྱི་ཚད་ལྡན་ཞབས་བྲོའི་རིག་གནས་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་བསྡུ་བ།

  ཟླ2པའི་ཚེས23ཉིན། བོད་ལྗོངས་མི་དམངས་ཀྱིས་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་རོལ་བའི་དུས་སྟོན་དེར“བདེ་སྐྱིད་ཀྱི་ལྷ་ས”ཞེས་པའི་མང་ཚོགས་རང་བཞིན་གྱི་ཚད་ལྡན་ཞབས་བྲོའི་རིག་གནས་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བསྡུས་པ་རེད།
  བོད་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམས་མཛད་སྒོའི་སྟེང་ཞུགས་ཤིང་། ལྷ་ས་གྲོང་ཁྱེར་དུ་ཡོད་པའི་ལས་བཟོ་བ་རྣམས་དང་སྡོད་དམངས་སོགས་ཁྱོན་བསྡོམས་མི5000ལྷག་ཡོད་པ་རེད།


སྐྱིད་པའི་རྡོག་བྲོ་འཁྲབ་ནས་ལོ་སར་དུས་སྟོན་རོལ་བ།

སྐྱིད་པའི་རྡོག་བྲོ་འཁྲབ་ནས་ལོ་སར་དུས་སྟོན་རོལ་བ།

  རྒྱུས་ལོན་བྱུང་བ་ལྟར་ན། “བདེ་སྐྱིད་ཀྱི་ལྷ་ས”ཞེས་པའི་ཚད་ལྡན་ཞབས་བྲོའི་བྱ་འགུལ་སྤེལ་བ་ནི་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་དོ་དམ་ཇེ་ལེགས་དང་། དཔལ་ཡོན་ཅན་གྱི་གྲོང་ཁྱེར་བསྐྲུན་པའི་འབྲས་བུ་ཇེ་བརྟན། “བདེ་སྐྱིད་ཀྱི་ལྷ་ས”ཞེས་པའི་གྲོང་ཁྱེར་གྱི་མཚོན་རྟགས་བསྐྲུན་པའི་བྱེད་ཐབས་ཤིག་ཡིན་པ་རེད། དེ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་། “རིག་གནས་ཀྱིས་གྲོང་ཁྱེར་བསྐྲུན་པའི”དམིགས་འབེན་མངོན་འགྱུར་བྱེད་པ། ཕུལ་དུ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྤེལ་བྱེད་པ། དུས་རབས་ཀྱི་དགོངས་སྙིང་མངོན་མཚོན་བྱེད་པའི་ཐབས་ལམ་ཞིག་ཡིན་པ་རེད། དེར་མ་ཟད“རིག་གནས་ཀྱིས་བོད་ལྗོངས་གོང་སྤེལ”དང “རིག་གནས་ཀྱིས་གྲོང་ཁྱེར་བསྐྲུན་པའི”ཐབས་ཇུས་ཤིག་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།