ལོ་སར་རྟ་རྒྱུགས་འགྲན་བསྡུར་གྱི་མཛད་སྒོ་ལྷ་སའི་རྟ་རྒྱུགས་ཐང་དུ་སྤེལ་པ།
རྟ་ཐོག་ནས་མདའ་འཕེན་པའི་ཚུལ།
ཟླ2པའི་ཚེས24ཉིན། བོད་ཆུ་འབྲུག་ལོའི་ལོ་སར་གྱི་རྟ་རྒྱུགས་འགྲན་བསྡུར་དེ་ལྷ་སའི་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུགས་ཐང་དུ་སྤེལ་པ་རེད།
རྟ་ཐོག་ནས་ཁ་གཏགས་ལེན་པའི་ཚུལ།
མི་དུ་མོས་རྟ་དུ་མར་བཞོན་པའི་རྩལ་འགྲན་པ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་དང་། ལྷ་སའི་མང་ཚོགས་དང་འབྲེལ་ཡོད་ལས་རིགས་ཁག་གི་ལས་སྒྲུབ་མི་སྣ་རྣམས་ཐེངས་འདིའི་རྟ་རྒྱུགས་འགྲན་བསྡུར་གྱི་མཛད་སྒོར་ཞུགས་ཏེ་སྤྲོ་སེམས་འཁོལ་བའི་ངང་གཟིགས་མོར་གནང་བ་རེད།
རྟ་ཐོག་ནས་མེ་ཏོག་ལེན་པའི་ཚུལ།
རྟ་རྒྱུགས་ལུས་རྩལ་པ་དག་གིས་རྟ་ཐོག་ནས་ལྟད་མོ་བ་རྣམས་ལ་རྟ་ཐོག་གི་གྲི་རྩལ་དང༌། རྟ་ཐོག་མདའ་འཕེན། མི་གཅིག་རྟ་གཅིག་ལ་བཞོན་པ་དང་མི་གཅིག་རྟ་གཉིས་ལ་བཞོན་པ། ཡང་ན་མི་གཉིས་ཀྱིས་རྟ་གཅིག་བཞོན་པ་དང་། མི་དུ་མོས་རྟ་དུ་མར་བཞོན་པ། རྟ་ཐོག་ནས་ཁ་བཏགས་དང་ཆང་ཕོར་གྱི་རྩལ་མངོན་པ་སོགས་རྟ་རྒྱུགས་ཀྱི་ནུས་རྩལ་རྣམ་གྲངས15ལྷག་ཕུལ།
མི་གཉིས་ཀྱིས་རྟ་གཅིག་བཞོན་པཀའི་ནུས་རྩལ་མངོན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com