མཚོ་སྔོན་གྱི་མི་རིགས་གླུ་གར《རེབ་གོང་གི་མཚར་ཉམས》རྒྱལ་ཁབ་ཀྱི་རོགས་སྐྱོར་ཟློས་གར་གྱི་མིང་ཐོ་རུ་བདམས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-28 08:58:00 ཀློག་གྲངས།:
  ཟླ2པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་བསྒྲིགས་པའི་མི་རིགས་ཀྱི་གླུ་གར《རེབ་གོང་གི་མཚར་ཉམས》ཞེས་པ2010ལོ་ནས2011ལོའི་རྒྱལ་ཁབ་ཀྱི་རོགས་སྐྱོར་ཟློས་གར་མིང་ཐོ་རུ་བདམས་པ་རེད།
  《རེབ་གོང་གི་མཚར་ཉམས》ཞེས་པས་སྒྲིག་འཁྲབ་པ་དང་འཁྲབ་སྟོན་པ་རྣམས་ཀྱི་གཅིག་སྒྲིལ་གྱི་ནུས་པར་བརྟེན་ནས་རེབ་གོང་ས་ཁུལ་གྱི་གཉུག་མའི་ཞབས་བྲོ་དང་། གཞས་གཏམ་ཟློས་གར། ལྷ་མོའི་ཟློས་གར། གླུ་གཞས་བཅས་ལེགས་བཅོས་བྱས་ཐོག  རེབ་གོང་ལྷ་རིས་དང་། བརྐོས་རིས། གཙགས་དྲུབས་སོགས་དམངས་ཁྲོད་སྒྱུ་རྩལ་ཁྱད་ཆོས་སུ་བཟུང་བ་དང་། དྲུག་པའི་ཀླུ་རོལ་སོགས་དམངས་སྲོལ་རིག་གནས་རྒྱབ་ལྗོངས་སུ་བྱས་ནས་མིག་དབང་དང་རྣ་དབང་ལ་སྒྱུ་རྩལ་གྱི་ཚོར་བ་གསར་པ་ཞིག་བསྐྱེད་པ་ཡིན། ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་འབྲེལ་ཡོད་ལས་བྱེད་མི་སྣས་བཤད་རྒྱུར། རང་བྱུང་བཀོད་པ་དང་། དམངས་ཁྲོད་སྲོལ་ལུགས། ཡུལ་གྲུའི་རིག་གནས་བཅས་ཀྱི་བདག་ཉིད་ཅན་གྱི་ལེ་ཚན་འདིས་སྒྱུ་རྩལ་གྱི་ལམ་ནས་མཐོ་སྒང་གི་བོད་དམངས་རྣམས་ཀྱི་དཔའ་ཞིང་ལས་ལ་བརྩོན་པ་དང་གསར་གཏོད་ཀྱི་ལམ་བུ་སྙེག་པའི་དགོངས་སྙིང་མངོན་མཚོན་བྱས་པར་མ་ཟད། རེབ་གོང་ས་ཁུལ་གྱི་ཁྱད་དུ་འཕགས་པའི་རིག་གནས་ཀྱི་རྫོངས་སྟུག་པོ་དང་སྒྱུ་རྩལ་གྱི་གཟི་དཔལ་མངོན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།