པདྨ་བསམ་གྲུབ་ཀྱིས་དམངས་གླུ་ཀྲུང་གོ་ཞེས་པའི་བརྙན་འཕྲིན་ལེ་ཚན་དུ་གྲོགས་གཡང་སྐྱིད་མར་རྒྱབ་སྐྱོར་བྱས་པ།
པདྨ་བསམ་གྲུབ་ཀྱིས་དམངས་གླུ་ཀྲུང་གོ་ཞེས་པའི་བརྙན་འཕྲིན་
ལེ་ཚན་དུ་གྲོགས་གཡང་སྐྱིད་མར་རྒྱབ་སྐྱོར་བྱས་པ།
ཉེ་ལམ། མོན་པ་རིགས་ཀྱི་ན་གཞོན་གླུ་མ་གཡང་སྐྱིད་མ་གདན་འདྲེན་ཞུས་པ་ལྟར་ཀྲུང་དབྱང་བརྙན་འཕྲིན་གྱི་རོལ་མོའི་ལེ་ཚན་ཏེ་དམངས་གླུ་ཀྲུང་གོ་ཞེས་པའི་ཕབ་སྐྲུན་ལ་ཞུགས་ཤིང་། ཁོ་མོས་མོན་པ་རིགས་ཀྱི་གནའ་བོའི་རོལ་དབྱངས་འདིར་བཞུགས་མང་ཚོགས་ཀྱི་རྣ་བའི་བདུད་རྩིར་འཁྱིལ་ཞིང་སྤྱན་གྱི་ལོངས་སྤྱོད་དུ་ཕུལ་པ་དང་། འདིའི་སྐབས་སུ་བོད་རིགས་གླུ་བ་པདྨ་བསམ་གྲུབ་ཀྱང་སྐུ་མགྲོན་གྱི་ཚུལ་དུ་གྲོགས་གཡང་སྐྱིད་མར་རྒྱབ་སྐྱོར་གནང་སྟེ་རོལ་མོའི་རུ་ཁག་དང་མཉམ་འབྲེལ་སྒོས་གླུ་གཞས་མཉམ་ལེན་ཕུལ་པ་རེད།
གླུ་བ་པདྨ་བསམ་གྲུབ་ནི་བོད་རིགས་གླུ་བའི་ཚབ་མཚོན་པ་ཞིག་ཡིན་པའི་ཆ་ནས། དམངས་གླུ་ཀྲུང་གོ་ཞེས་པའི་གར་སྟེགས་སུ་འགྲེང་སྟེ་རྣམ་པ་མི་མཚུངས་བའི་མི་རིགས་གླུ་གཞས6ཕུལ་སྟབས་ཡུལ་དངོས་གཟིགས་མོ་བ་ཡོངས་ཀྱི་ཡིད་དབང་རབ་ཏུ་བཀུག་ཅིང་དགའ་བསུའི་ཐལ་མོ་རྡེབ་པ་དང་། ཡང་བོད་རིགས་རང་བྱུང་རོལ་མོའི་རྒྱུན་འཛིན་པ་དང་འཕེལ་རྒྱས་གཏོང་མཁན་ཞིག་ཡིན་པའི་ཆ་ནས། ཁོ་བོ་ནི་བོད་ཀྱི་རོལ་སྙན་ཚབ་མཚོན་པ་གསར་བ་ཡིན་པར་བརྗོད།
ཐེངས་འདིར་མོན་པའི་གླུ་མ་གཡང་སྐྱིད་མ་དང་མཉམ་ལེན་བྱས་པ་འདིས་མི་རིགས་ཀྱི་རོལ་རྣམ་ཡོངས་སུ་གསར་བསྐྱེད་ཅིག་བྱུང་ཞིང་ཡུལ་དངོས་ནས་ཁས་ལེན་དང་དགའ་བསུ་བཟང་བོ་ཐོབ་པ་དང་། ཉེ་ཆར་ཆེད་བསྒྲིགས་གསར་བའི་ལས་ལ་བྲེལ་བའི་གླུ་བ་པདྨ་བསམ་གྲུབ་ཀྱང་གྲོགས་གཡང་སྐྱིད་མར་རམ་འདེགས་བྱེད་ཐུབ་པ་བྱུང་ནས་ཡིད་ལ་སྤྲོ་བ་ཆེན་པོ་དགྱེས་ལ། གྲོགས་ལགས་ཀྱིས་གྲུབ་འབྲས་འདི་འདྲ་བླངས་པར་དངོས་གནས་དགའ་བ་ལྟེམས་པ་དང་མཚུངས་སུ། མི་རིགས་གླུ་གཞས་འདི་ཉིད་ད་དུང་ཁོངས་རྒྱ་ཡངས་པོར་འཕེལ་རྒྱས་འབྱུང་བ་དང་ཁས་ལེན་གང་ལེགས་ཐོབ་པར་རེ་སྨོན་བགྱིད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com