པེ་ཅིང་ཧྲུག་ལེ་ཚོགས་པས་ཁམས་ར་མཛེས་ལྗོངས་ཀྱི་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-01 10:59:00 ཀློག་གྲངས།:
  ཉེ་སྔོན་པེ་ཅིང་ཧྲུག་ལེ་ཚོགས་པའི་ཆེད་མཁས་རུ་ཁག་གིས་ཁམས་ར་མཛེས་ལྗོངས་སུ་རྟོག་ཞིབ་དང་། ཇུས་འགོད། དུས་སྔོན་གྱི་གྲ་སྒྲིག་ལས་ཀ་སོགས་རྒྱ་ཆེན་པོར་སྤེལ་ཞིང་། དེས་ཁམས་ར་མཛེས་ལྗོངས་དང་པེ་ཅིང་ཧྲུག་ལེ་ཚོགས་པ་གཉིས་ཀྱི་མཉམ་འབྲེལ་དངོས་ཡོད་རང་བཞིན་གྱི་དུས་རིམ་ཞིག་ཏུ་བརྒལ་བ་མཚོན་ཐུབ་ལ། འདི་ནི་ཚོགས་པ་དེ་དང་མཚོ་སྔོན་གྱི་མཛེས་ལྗོངས་གཉིས་ཐེངས་དང་པོར་མཉམ་འབྲེལ་བྱས་པ་ཡིན།
  ཆེད་མཁས་རུ་ཁག་གིས་བསྟུད་མར་ཉིན་འགའ་ལ་ཡུལ་དངོས་སུ་སོང་ནས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ཁམས་ར་མཛེས་ལྗོངས་ཀྱི་རྩ་བའི་གནས་ཚུལ་དང་འཕེལ་རྒྱས་རྟིང་ཤུགས་སོགས་ལ་རྒྱུས་ལོན་བྱས། ཁོང་ཚོས་བསྟན་དོན། རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་དང་། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་ཆུ་བེད་མཛེས་ལྗོངས་བཅས་རྒྱལ་ཁབ་རིམ་པའི་མཚན་སྙན་རིགས་གསུམ་གནང་ཡོད་པའི་ཁམས་ར་མཛེས་ལྗོངས་ནི་ནུབ་བྱང་དང་རྒྱལ་ཡོངས་ཀྱི་བྲག་དམར་ས་གཤིས་ཁུལ་ཡིན་པར་མ་ཟད། རྫོངས་སྟུག་པོའི་རིག་གནས་ཉིང་བཅུད་ཀྱིས་དེ་ལ་ལྐོག་གྱུར་གྱི་རྣམ་པ་ཞིག་གསར་དུ་བསྣན་པས་རྒྱལ་ཡོངས་སུ་འདི་ལྟ་བུའི་རིག་གནས་གནས་སྐོར་གྱི་ཐོན་ཁུངས་ཀྱིས་ཕྱུག་པའི་གནས་ཧ་ཅང་དཀོན་ཞེས་བརྗོད་པ་རེད།
  ཆེད་མཁས་པ་རྣམས་ཀྱིས་ཁམས་རའི་མཛེས་ལྗོངས་ལ་གནས་སྐོར་བསྐྱོད་ལམ་དང་། གནས་སྐོར་བ་ཕྱོགས་བགོས་འཆར་གཞི། མི་སྣ་དོ་དམ་འཆར་གཞི། མཛེས་ལྗོངས་ས་ཚུགས་སྒྲིག་འཛུགས་འཆར་གཞི་སོགས་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།