བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་སྐྱོང་ལྟེ་གནས30འཛུགས་འཆར་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-04 10:41:00 ཀློག་གྲངས།:

           ཟླ3པའི་ཚེས2ཉིན། བོད་རང་སྐྱོང་ལྗོངས་རིག་གནས་བྱ་བའི་གྲོས་ཚོགས་སྟེང་ཁྱབ་བསྒྲགས་བྱས་པ་ལྟར། བོད་ལྗོངས་སུ་གཟུགས་འདས་རིག་གནས་ཤུལ་བཞག་ལས་གཞིའི་རྒྱུན་སྐྱོང་ལྟེ་གནས30ལྷག་འཛུགས་པར་ཆོག་མཆན་གནང་ཞིང་།  རྒྱུས་ལོན་པ་ལྟར་དེའི་ནང་བོད་ལྗོངས་གསོ་རིག་སློབ་གྲྭ་དང་། བོད་ལྗོངས་སློབ་ཆེན། སྟོད་ལུང་བདེ་ཆེན་ཇོ་མོ་ལུང་ཟློས་གར་ཚོགས་པ་སོགས་ལས་ཁུངས་ཚུད་ཡོད་པ་དང་། བོད་ཀྱི་སྐར་རྩིས་རིག་པ་དང་། ཐང་ག  བོད་ཀྱི་ཟློས་གར། བོད་ཤོག་སོགས་ལས་གཞིའི་རྣམ་གྲངས་འདུས་པ་རེད།
           ཐེངས་འདིང་ཁྱབ་བསྒྲགས་བྱས་པ་ནི་བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བྱེད་པའི་བཟོ་བཀོད་གལ་ཆེན་ཞིག་ཡིན་ཞིང་།  ན་ནིངས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་རྣམ་གྲངས16ལྷག་སྐབས་གསུམ་པའི་རྒྱལ་ཁབ་རིམ་པའི་མིང་ཐོའི་གྲས་སུ་ཚུད་དེ་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ལས་གཞི་རྣམ་གྲངས76ལ་སླེབས་ཐུབ་པ་བྱུང་།  ཉེ་བའི་ལོ་འགའི་ནང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་མ་དངུལ་སྒོར་ཁྲི3000ཉེ་བ་ཙམ་བཏང་།
          རྒྱུས་ལོན་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ནི་བོད་ལྗོངས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ལྟེ་བར་བཟུང་བ་དང་། 《མཚོ་བོད་མཐོ་སྒང་བོད་ཀྱི་ཟློས་གར་ཞིབ་འཇུག་དང་སྲུང་སྐྱོང》དང《མངའ་རིས་བྲོ་གར》ཞེས་པའི་དཔེ་ཚོགས་དང་འོད་སྡེར་སོགས་ལེགས་སྒྲིག་དང་པར་སྐྲུན་བྱས།  དེ་མིན་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་ད་དུང་གཟུགས་འདས་རིག་གནས་ཤུལ་བཞག་ལས་གཞིའི་རྣམ་གྲངས10ལྷག་རྒྱལ་སྤྱིའི་གཟུགས་འདས་རིག་གནས་ཤུལ་བཞག་དུས་སྟོན་སོགས་སུ་ཞུགས་པར་རྩ་འཛུགས་གནང་བ་དང་། དེས་བོད་ལྗོངས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་སྤྱི་ཚོགས་ཕན་ནུས་ལ་ནུས་བ་ཆེན་པོ་ལྡན་པ་མ་ཟད། སྲུང་སྐྱོང་བྱ་བ་བདེ་བླག་ངང་སྤེལ་པར་སྐུལ་འདེད་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།