ངོས་དང་པོ > སྐབས་དོན། > སྣ་ཚོགས། > བོད་ལྗོངས་ཀྱིས་ས་སྐྱ་དགོན་སོགས་འཛམ་གླིང་ཤུལ་བཞག་རིག་གནས་སུ་རེ་ཞུ་འདོན་པ།
བོད་ལྗོངས་ཀྱིས་ས་སྐྱ་དགོན་སོགས་འཛམ་གླིང་ཤུལ་བཞག་རིག་གནས་སུ་རེ་ཞུ་འདོན་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-03-05 09:03:00
ཀློག་གྲངས།:
བོད་ལྗོངས་རིག་དངོས་ཅུའི་ཅུའུ་ཀྲང་བཟང་པོས་མཚམས་སྦྱོར་བྱས་པ་ལྟར་ན་དེང་སྐབས་ནི་བོད་ལྗོངས་རིག་དངོས་སྲུང་སྐྱོབ་བྱ་གཞག་ལོ་རྒྱུས་སྟེང་གི་དུས་རིམ་བཟང་བོ་ཞིག་ཏུ་སླེབས་འདུག་ཅིང་། མ་འོངས་པར་ལོ་འགའི་རིང་དུ་རྒྱལ་ཁབ་དང་བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ཞིག་གསོ་བཟོ་གྲྭའི་ཐད་ལ་སྒོར་དུང་ཕྱུར17གཏོང་རྒྱུ་རེད།
2011ལོ་ནས2015ལོའི་བར་དུ་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་བཟོ་གྲྭ་གཙོ་བོའི་ཁོངས་སུ་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་གནས་ཤུལ་གྲགས་ཅན་དང་། ཚབ་མཚོན་རང་བཞིན་གྱི་བཟོ་བཀོད་སྲུང་སྐྱོབ། རིག་གནས་གཙོ་ཤས་ཀྱི་སྲུང་སྐྱོབ་སྒྲིག་གཞིའི་འཛུགས་སྐྲུན། ས་གནས་འགའི་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་བཟོ་གྲྭ་སོགས་ལས་གཞི44འདུས་ཤིང་། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར9.3གཏོང་བའི་རྨང་གཞིའི་སྟེང་། རྒྱལ་ཁབ་རིག་དངོས་ཅུས་ཡང་བསྐྱར་སྒོར་དུང་ཕྱུར8ཁ་སྣོན་བྱས་པའི་ཆོག་མཆན་གནང་།
ན་ནིང་གི་ཟླ10བར་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཞིག་གསོའི་བཟོ་གྲྭ་ཁག་ཅིག་འགོ་བརྩམས་པ་དང་། ད་ལོར་བོད་ལྗོངས་རིག་དངོས་ཅུས་ས་སྐྱ་དགོན་པ་དང་། སྨར་ཁམས་ཚྭ་ཁ་ལྷོའི་ཚྭ་ཞིང་། བཙན་རྫོང་རྙིང་བ་སོགས་འཛམ་གླིང་ཤུལ་བཞག་རིག་གནས་སུ་རེ་ཞུ་འདོན་རྒྱུ་རེད།
འདས་པའི་ལོ5ནི་བོད་ལྗོངས་རིག་གནས་སྲུང་སྐྱོབ་ཞིག་གསོའི་དུས་རབས་གལ་ཆེན་ཞིག་ཡིན་ཏེ། རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར5.7བཏང་ནས་བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་སོགས་རིག་དངོས་སྲུང་སྐྱོབ་གནས22དང་ལོ་རྒྱུས་གནས་ཤུལ་དག་ལ་ཞིག་གསོ་སྲུང་སྐྱོབ་བྱས་པ་རེད།
ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག ས་སྐྱ་དགོན་པ་བཅས་རིག་དངོས་གཙོ་ཤས་དག་ལོ་དུ་མའི་རིང་སྲུང་སྐྱོབ་ཞིག་གསོ་བྱས་པར་བརྒྱུད་ཡང་བསྐྱར་བཀྲག་མདངས་རྒྱས། རིག་དངོས་སྲུང་སྐྱོབ་བཟོ་གྲྭ་འདི་གསུམ་ག2009ལོར་ལེགས་འགྲུབ་བྱུང་བ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར3.8བཏང་བ་རེད། འདི་ནི་བོད་ལྗོངས་སུ་མ་དངུལ་བཏང་བ་ཆེས་མང་བ་དང་བཟོ་རྩལ་ཆེས་དཀའ་ཁག་ཆེ་བའི་རིག་དངོས་སྲུང་སྐྱོབ་ཞིག་གསོ་བཟོ་གྲྭ་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་དུས་ཕྱིའི་རིག་དངོས་སྲུང་སྐྱོབ་བྱེད་པར་ཉམས་མྱོང་འདོན་སྤྲོད་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།